སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་མོ་ཉི་མ་ལྷ་མོ་རྒྱ་གར་དུ་བདེ་འབྱོར་བྱུང་ཡོད་འདུག་

2016-07-27
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་འདྲ་པར།
རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་འདྲ་པར།
བི་ཀི་པི་ཌི་ཡ།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་མོ་ཉི་མ་ལྷ་མོ་རྒྱ་གར་དུ་བདེ་འབྱོར་བྱུང་ཡོད་འདུག་ དེ་ཡང་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་བོད་ནས་བྲོས་བྱོལ་གྱིས་ཟླ་འདིའི་ཕྱི་ཚེས་༢༤གཟའ་ཉི་མ་ཉིན་བཞུགས་སྒར་རྡ་རམ་སར་བདེ་ཐང་ངང་འབྱོར་ཡོད་པ་དང་སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་དང་དབུས་སྣེ་ལེན་ཁང་དུ་ཞུགས་ཡོད་པ་རེད། དེང་སང ཨ་རིའི་ནང་ཡོད་པའི་སྤྲུལ་སྤྲུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེན་མཆོག་གི་ སློབ་མ་དགེ་བཤེས་བསྟན་པ་ལགས་ཀྱིས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་བལ་ཡུལ་སྣེ་ལེན་ཁང་གིས་རྒྱ་གར་དུ་དམིགས་བསལ་གྱི་འགྲིམ་འགྲུལ་བརྒྱུད་ནས་བསྐྱལ་གནང་ཡོད་པ་ད་ཆ་རྡ་རམ་ས་རུ་འབྱོར་ཡོད་པ་དངོས་འབྲེལ་རེད་ཅེས་བརྗོད་ བྱུང་། སྔ་ལོ་སྤྱི་ཟླ་༧ཟླ་འགོར་ལི་ཐང་རྫོང་ས་གནས་སྲིད་ཁྲིམས་ལྷན་ཁང་གི་མི་སྣ་གསུམ་གྱིས། རིན་པོ་ཆེའི་གཅུང་མོ་བསོད་ནམས་བདེ་སྐྱིད་དང་སྒྲོལ་དཀར་ལྷ་མོ་གཉིས་རིན་པོ་ཆེ་ཐུག་འཕྲད་ལ་འགྲོ་ཆོག་ཅེས་འཁྲིད་ཡོད་རུང་། ཉིན་གྲངས་བཅུ་ལྷག་ཙམ་རིང་ཁྲིན་ཏུའི་གྲོང་ཁྱེར་དུ་ཐུག་འཕྲད་ལ་ངང་སྒུག་བྱས་ནས་བསྡད་པའི་སྐབས། ཟླ་དེའི་ཚེས་༡༢ཉིན་གྱི་སྔ་དྲོར་ཁྲིམས་སྲིད་ཁང་གི་མི་སྣ་ཚོས། གཅུང་མོ་གཉིས་ལ་རིན་པོ་ཆེ་དགོངས་པ་རྫོགས་ཡོད་སྐོར་བརྗོད་ འདུག་ཀྱང་དགོངས་པ་ཇི་ལྟར་རྫོགས་མིན་དང་ག་དུས་རྫོགས་པ་སོགས་རྒྱུ་རྐྱེན་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག་པས་འབྲེལ་ཡོད་ཚོས་ད་དུང་ཡང་ཤེས་རྟོགས་གསལ་པོ་ཐུབ་མེད་ལ་སྐུ་ཕུང་ཡང་ནང་མི་ལ་རྩིས་སྤྲོད་མ་བྱས་པར་ལམ་སེང་ཞུགས་འབུལ་ཞུས་ཡོད་པ་རེད། རྗེས་སུ་སྲིང་མོ་སྒྲོལ་དཀར་ལྷ་མོ་དང་ཉི་མ་ལྷ་མོ་གཙོས་ནང་མི་ཚོས་ཕྱི་ཕྱོགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེཌ་རིན་པོ་ཆེ་སྐུ་གཤེགས་ཟིན་པའི་གནས་ཚུལ་མཁོ་སྤྲོད་བྱས་དོན་དོགས་གཞི་འོག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་འདུག་ཀྱང་བདུན་ཕྲག་གཉིས་རྗེས་སུ་ཁྲིམས་བཤེར་གང་ཡང་མ་བྱས་པར་ཕྱིར་ཕ་ཡུལ་དུ་ལོག་བཏང་ཡོད་པ་རེད། དེ་བཞིན་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་མེད་པར་ལམ་སེང་ཞུགས་འབུལ་ཞུས་ཡོད་པ་རེད་། ད་ཆ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྔ་ཕྱིའི་་གནས་ལུགས་ཞིབ་ཕྲ་ཤེས་མཁན་དང་རིན་པོ་ཆེའི་དོན་དུ་རང་སྲོག་ལ་ཐུག་ཀྱང་དཀའ་ལས་མང་པོ་རྒྱབ་མཁན་ཚ་མོ་ཉི་མ་ལྷ་མོ་རྒྱ་གར་དུ་བདེ་འབྱོར་བྱུང་བ་དགའ་འོས་པ་ཞིག་རེད་ཅེས་གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་བརྗོད་འདུག། གསར་འགོད་པ་བསོད་ནམས་ལྷ་མོ་
མཆན། (0)
Share
དྲ་གནས་ཆ་ཚང༌།