གྲོས་ཆོད་དོན་ཚན་༡༧ཟེར་བའི་ཆིངས་ཡིག་གི་རྒྱབ་ལྗོངས།


2019.05.24
གྲོས་ཆོད་དོན་ཚན་༡༧ཟེར་བའི་ཆིངས་ཡིག་གི་རྒྱབ་ལྗོངས། གྲོས་མཐུན་དོན་ཚན ༡༧ ཟེར་བའི་ཐོག་མིང་རྟགས་བཀོད་སྐབས།
བོད་མིའི་སྒྲིག་འཛུགས།

༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ནང་དུ། གྲོས་ཆོད་དོན་ཚན ༡༧ ཟེར་བ་བཞག་ནས་མི་ལོ ༦༨ འཁོར་བའི་སྐབས་འདིར།  ཆིངས་ཡིག་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་། བོད་རྒྱའི་སྤྱི་ཚོགས་གནས་བབ། གྲོས་ཆོད་ཡིག་ཆ་དེའི་ཁྱབ་ཁོངས། ལག་ལེན་དུ་བསྟར་ཚུལ། ཆིངས་ཡིག་དེ་ལམ་ལྷོང་མ་བྱུང་བའི་རྒྱུ་རྐྱེན། དེ་མིན་གྲོས་ཆོད་དོན་ཚན ༡༧ ཟེར་བ་བཞག་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་ཡོད་མེད་ལ་སོགས་པའི་ཐད་བོད་དོན་རིག་པ་བ་བོད་མི་དམངས་སྤྱི་འཐུས་ཟུར་བ་དང་བོད་ཀྱི་ས་ར་མཐོ་སློབ་གྱི་ལོ་རྒྱུས་དགེ་རྒན་ཆེན་པོ་བསོད་ནམས་རྒྱལ་མཚན་ལགས་དང་། ད་ལྟ་ཨོ་སི་ཊེ་རེ་ལེ་ཡར་བཞུགས་པའི་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཟུར་བ་དང་བོད་དོན་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱི་ལྷན་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས༎

གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎