བོད་ནང་གི་སྐད་ཡིག་གི་གནས་བབ།

2022.02.22
བོད་ནང་གི་སྐད་ཡིག་གི་གནས་བབ། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་སློབ་གྲྭ
རོཡི་ཊརས།

མི་རིགས་གཅིག་གི་སྐད་ཡིག་སོན་པོར་གནས་མིན་ཟེར་བ་སྐད་ཡིག་དེ་བེད་སྤྱོད་བྱེད་མིན་དང་བེད་སྤྱོད་ཡོད་མེད་ལ་རགས་ལུས་པ་ཡིན་པས།  འཇམ་རྩུབ་གང་གི་ཐོག་ནས་སྐད་ཡིག་གཅིག་མེད་པ་བཟོས་ན།  སྐད་ཡིག་འདི་དམར་གསོད་བཏང་པ་དང་།  གང་ཞིག་གིས་རང་དབང་གི་སྒོ་ནས་དང་ཡང་ན་སྣང་མེད་བསྐྱུར་འཇོག་གི་ཐོག་ནས་སྐད་ཡིག་ལ་དྭང་བ་མ་བྱེད་པར་བེད་སྤྱོད་མེད་པར་འགྱུར་ན་སྐད་ཡིག་གཅིག་རང་ཤི་བརྒྱབ་པ་ལྟ་བུ་ཆགས་རྒྱུ་ཡིན་པ་སྐད་བརྡ་རིག་པ་བ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།  འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༩༩ ལོར་བྷང་ལ་དྷེཤ་ནང་བྷང་ལ་སྐད་ཡིག་རྩ་མེད་འགྲོ་བའི་ཉེན་ཁར་རྩིས་ཏེ་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་མོ་འདི་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྲུང་བརྩི་ཞུ་སྲོལ་གསོལ་གཏོད་གནང་སྟེ་ད་ཆ་ལོ་ངོ་ ༢༢ ལ་འཁོར་གྱི་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་གར་ཨུ་ཏར་པར་དྷེཤི་མངའ་སྡེའི་ཝར་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་གྱི་འགན་འཁུར་བ་རྒན་ལྷག་པ་ཚེ་རིང་ལགས་དང་ལྷན་བོད་ནང་གི་སྐད་ཡིག་གི་གནས་བབ་ལ་དཔྱད་གཞིའི་བསྐྱར་ལྟ་ཞུ་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎