རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་དམ་བསྒྲགས།


2014.10.03
རྒྱ་ནག་གི་རྒྱལ་སྟོན་སྐབས་ལྷ་སར་དམ་བསྒྲགས། རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གསང་བའི་པར་ཆས་བཙུགས་ཡོད་པའི་འདྲ་པར།
འོད་ཟེར་ལགས་ཀྱི་ངོ་དེབ།
ཁ་ཉིན་རྒྱ་ནག་གུང་ཁྲན་ཏང་གི་གཞུང་དབུ་བརྙེས་པའི་དུས་ཆེན་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམ་བསྒྲགས་ཧ་ཅང་གི་ཆེན་པོ་བྱས་པ་དང་བོད་མི་མང་པོ་འཛིན་བཟུང་བྱས་ཡོད་པ་རེད་འདུག འདི་གའི་རླུང་འཕྲིན་ལས་ཁང་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གནས་སྡོད་གནང་མཁན་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བའི་ཉིན་དེར་རྒྱལ་ས་ལྷ་སའི་ནང་གི་ཐོག་རྩེགས་མང་བའི་ཁང་པ་དང་མགྲོན་ཁང་དང་ཚོང་ཁང་དེ་བཞིན་མི་མང་གནས་སྡོད་བྱེད་ཡུལ་བཅས་པར་རྒྱ་ནག་གི་རྒྱལ་དར་གསར་འཛུགས་དང་མི་མང་རྣམས་དགའ་དགའ་སྤྲོ་སྤྲོ་གཏོང་བའི་རྣམ་པ་སྟོན་ཆེད་མཛད་སྒོ་སོགས་མང་དག་ཅིག་ཚོགས་ཡོད་སྐོར་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། ཡང་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་རྒྱལ་ས་ལྷ་སའི་ར་མོ་ཆེ་དང་། པོ་ཏ་ལ། བར་སྐོར་ས་ཁུལ་དུ་དམག་མི་མང་པོ་འགྲེམ་འཇོག་བྱས་པ་དང་ལག་འཁྱེར་ཁ་དཔར་བསྔོག་བཤེར་བྱེད་སྐབས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ཐོན་ཚེ་བོད་མི་ཚོར་འདྲི་རྩད་ཚ་ནན་དང་། དེ་མིན་ཉིན་ཤས་རིང་བཙོན་བཅུག་གི་ཉེས་ཆད་བཏང་བའི་གནས་ཚུལ་བྱུང་འདུག དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་བོད་མི་དེས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཞེས་པ་དེ་མ་སླེབས་གོང་དེ་སྔོན་བོད་མི་བཙོན་བཅུག་ཕོག་མྱོང་ཡོད་མཁན་དང་རྒྱ་གཞུང་གིས་དོགས་པ་བྱེད་པའི་བོད་མི་མང་དག་ཅིག་བཙོན་བཅུག་དོ་དམ་བྱས་ནས་གོང་ཞུས་ཀྱི་དུས་དྲན་དེ་མཇུག་བསྒྲིལ་ཟིན་པའི་རྗེས་གློད་བཀྲོལ་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་སྐོར་ངོ་སྤྲོད་གནང་འདུག དེ་མ་ཟད་བོད་མི་ཁག་ཅིག་དོ་དམ་འཛིན་བཟུང་བྱས་མེད་ཀྱང་ཁོང་ཚོར་རྒྱལ་སྟོན་དུས་ཆེན་སྐབས་ཕར་འགྲོ་ཚུར་འགྲོ་བྱེད་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་བྱེད་པ་ནི་རྒྱ་ནག་གི་སྲུང་སྐྱོབ་མི་སྣའི་རྣམ་ཀུན་གྱི་བྱེད་སྒོ་ཡིན་སྐོར་གསུངས་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

ཞིབ་ཕྲ་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

གསར་འགོད་པ་ཀུན་བཟང་བསྟན་འཛིན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎