གླུ་བ་གཉིས་གར་སོང་ཆ་མེད།


2013.12.06
བོད་རིགས་ན་གཞོན་གླུ་བ་འཕྲིན་ལས་ཚེ་དཀར་ལགས་དང་མགོན་པོ་བསྟན་འཛིན་ལགས།
བསམ་གྲུབ།

༄༅།    །བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་ཆེད་སྒྲིག་འོད་སྡེར་འདོན་མཁན་མདོ་ཁམས་འབྲི་རུ་རྫོང་གི་གླུ་བ་འཕྲིན་ལས་ཚེ་དཀར་ལགས་དང་།    མགོན་པོ་བསྟན་འཛིན་ལགས་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་པ་དང་།    ད་ཆ་གར་སོང་ཆ་མེད་དུ་འགྱུར་ཡོད་པ་རེད་འདུག    དེའི་སྐོར་ང་ཚོའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

>>>ཡིག་ཐོག་གསར་འགྱུར།

རྒྱ་ནག་གཞུང་གིས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནས་གླུ་བ་འཕྲིན་ལས་ཚེ་དཀར་ལཌ་དང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་མགོན་པོ་བསྟན་འཛིན་ལཌ་གཉིས་འཛིན་བཟུང་བཙན་འཁྲིད་བྱས་འདུག  འདི་ལོའི་ཕྱི་ཟླ་༡༡་པའི་ནང་བོད་མི་རིགས་ཀྱི་བདེ་སྡུག་དང་རང་དབང་གི་སྐོར་ལ་གླུ་གཞས་འོད་སྡེར་མཐུན་སྒྲིལ་ཨ་ལོང་ཞེས་པ་བཏོན་གནང་མཁན་འབྲི་རུ་རྫོང་གི་གླུ་བ་འཕྲིན་ལས་ཚེ་དཀར་ལགས། ནག་ཆུ་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ལ་རླངས་འཁོར་ཁ་ལོ་པའི་ལག་ཁྱེར་ལེན་པར་བསྐྱོད་སྐབས། རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ད་ཆ་ས་གནས་གང་དུ་ཡོད་མེད་གསལ་ཁ་མེད་པར་གྱུར་འདུག

ཁོང་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་འབྲི་རུ་ཤང་གི་སེར་ཁང་གྲོང་ནས་ཡིན་འདུག ཡང་འབྲི་རུ་རྫོང་གི་གླུ་པ་གྲཌ་ཅན་མགོན་པོ་བསྟན་འཛིན་ལཌ་ཀྱང་ཕྱི་ཟླ་༡༡་ཚེས་༣༠་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག  ཁོང་ཆུང་དུས་ནས་གླུ་གཞས་ལ་དགའ་པོ་ཡོད་སྟབས་ ཁོང་གིས་འོད་སྡེར་མང་པོ་ཆེད་བསྒྲིཌ་བྱས་པའི་ནང་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་དགོས་པ་དང་བོད་མི་རིགས་ཡོངས་རྫོཌ་རྡོག་རྩ་ཆིག་སྒྲིལ་དགོས་པ།  ཛ་དྲག་གི་དུས་འདིར་སེམས་ཤུཌ་དང་ལྷག་བསམ་གྱི་སྒོ་ནས་བོད་མིའི་རྩ་དོན་དང་བོད་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་གནང་དགོས་པའི་སྐུལ་ལྕག་གི་གླུ་གཞས་མང་པོ་བཏང་གནང་བ་མ་ཟད། ད་ལོ་ཁོང་གིས་གངས་ཅན་བོད་ལ་ལོ་གསར་ག་ལ་ཡོད་ཅེས་པའི་འོད་སྡེར་བཏོན་པ་དེ་བོད་མིའི་སྤྱི་ཚོཌ་ཁྲོད་དོ་སྣང་དང་སྙན་གྲཌ་ཆེན་པོ་བྱུང་སྟབས་རྒྱ་ནག་གཞུང་གིས་དེ་སྔ་ནས་ཁོང་འཛིན་བཟུང་དགོས་པའི་བཀའ་རྒྱ་བཏང་ན་ཡང་། ད་བར་ཁོང་ལྷ་སའི་ནང་གབ་ཡིབ་བྱེད་དགོས་བྱུང་བ་དང་། ཉེ་བའི་ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་འཇུ་བཟུང་བཙན་འཁྲིད་བྱས་ཏེ་ད་ཆ་གར་སོང་ཆེ་མེད་དུ་གྱུར་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎