གསར་འགོད་རང་དབང་གི་དཔའ་བོ།


2014.04.30
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་རང་དབང་གི་དཔའ་བོ་བརྒྱའི་ཐོ་གཞུང་ནང་མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ ཚུད་ཡོད་པ།
འཇིགས་བྲལ་གློག་བརྙན་གྱི་དྲ་གནས།

༄༅༎ཕྱི་ཟླ་༥པའི་ཚེས་༣་སྟེ་འཛམ་གླིང་གསར་འགྱུར་རང་དབང་གི་ཉིན་མོ་སླེབས་ལ་ཡོད་པའི་དུས་དངབསྟུན་ནས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་ཐེངས་དང་པོར་༼གསར་འགྱུར་རང་དབང་གི་མི་སྣ་དཔའ་བོ་བརྒྱ་ཐམ་པ་༽ཞེས་པའི་མིང་ཐོ་ཞིག་སྤེལ་བའི་ཁྲོད་མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ཚུད་ཡོད་པའི་སྐོར་ལ་ལྕགས་མོ་འཚོས་གནས་ཚུལ་ཕྱོགས་བྱས་བར་ཉན་རོགས་གནོངས།།

འཛམ་གླིང་གསར་འགོད་རང་དབང་ཉིན་མོའི་སྔ་ནུབ་ཏུ་རྒྱལ་མཚམས་རིས་མེད་ཀྱི་གསར་འགོད་པའི་སྒྲིག་འཛུགས་ཀྱིས་གསར་འགོད་རང་དབང་དོན་གཉེར་བ་བརྒྱ་ཐམ་པར་ཆེ་བསྟོད་ཞུ་རྒྱུའི་གྲས་སུ་བོད་མི་འཇིགས་མེད་རྒྱ་མཚོ་ལགས་གཙོས་པའི་ཨེ་ཤེ་ཡའི་གསར་འགོད་པ་མི་ཉུང་བ་ཞིག་ཚུད་ཡོད་པ་རེད། ཐོབ་ཐང་དོན་གཉེར་བ་དང་། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་༢༠༠༨ལོར་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་ལགས་ཀྱི་ལྷན་དུ་འཇིགས་བྲལ་ཞེས་པའི་སྐར་མ་༢༥བྱས་པའི་དངོས་བྱུང་གློག་བརྙན་བཟོས་པ་དེ་པེ་ཅིན་ནང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཆེན་མོའི་སྐབས་སུ་པེ་ཅིན་བསྟན་རྗེས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཡོད་པ་དང་། ཟླ་བ་བདུན་རིང་བཙོན་ཁང་ནང་མནར་གཅོད་མྱངས་རྗེས་ལོ་དེའི་ཕྱི་ཟླ་བཅུ་པའི་ནང་གློད་བཀྲོལ་བཏང་ཡང་ཕྱི་ལོ་༢༠༡༢ལོར་བསྐྱར་དུ་འཛིན་བཟུང་བྱས་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎