རྒྱ་ནག་གིས་སོག་རྫོང་ནས་བོད་མི་འཇུ་བཟུང་བྱས་འདུག


2014.03.19
ནག་ཆུ་རྫོང་ཤག་རོང་པོ་དགོན་གྲོང་གཉིས་ལ་དམ་དྲག་བྱེད་བཞིན་པ། ༢༠༡༣།༥བར། ནག་ཆུ་རྫོང་ཤག་རོང་པོ་དགོན་གྲོང་གཉིས་ལ་དམ་དྲག་བྱེད་བཞིན་པ། ༢༠༡༣།༥བར།
པར། བོད་འབྱོར།

རྒྱ་ནག་གིས་ཉེ་བའི་ཆར་ནག་ཆུ་སོག་རྫོང་ཕྱོགས་སུ་དམ་དྲག་དང་ཁྲི་རྡོ་ཡུལ་ཚོའི་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གིས་ཉེ་བའི་ཆར་ནག་ཆུ་སོག་རྫོང་ཕྱོགས་སུ་དམ་དྲག་བྱས་བ་དང་མཉམ་ཕྱི་ཟླ་༣ ཚེས་༡༣ཉིན་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་རང་ལོ་༡༩ཡིན་པ་བློ་བཟང་དར་རྒྱས་དང་། གྲྭ་རང་ལོ་༡༨ ཡིན་པ་ལུང་རྟོགས་རྒྱལ་མཚན་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་ཆོ་འཕྲུལ་ཟླ་བ་ཡིན་པར་བརྟེན། གོང་གསལ་གྲྭ་པ་གཉིས་དྲིལ་མདའ་དགོན་པའི་ནང་བཀའ་འགྱུར་དག་སྒྲོག་གནང་མཁན་དག་གི་གསོལ་ཆས་ཉོ་ཆ་རྒྱག་ཆེད་སོག་རྫོང་གི་ཅུང་པ་ཡུལ་ཚོར་ཕྱིན་ནས་ཕྱིར་ཡོང་དུས་ཕྱི་བོ་ཆགས་ཡོད་པ་དང་། རྗེས་སུ་ཁོང་གཉིས་ཁུལ་དེའི་ནང་ཡོད་པའི་ལྕགས་ཟམ་ཟམ་ཁ་རུ་ལྕགས་རྩི་དམར་པོས་བོད་རང་བཙན་ཡིན་ཞེས་པའི་ཡི་གེ་ཞིག་བྲིས་ཡོད་པ་དེ་བྲིས་མཁན་ཡིན་པའི་དོགས་གཞིའི་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
བོད་ཚེས་བཅོ་ལྔའི་ཉིན་དྲིལ་མདའ་དགོན་པའི་འདུ་ཁང་གི་ཕྱི་ནང་གང་སར་དམག་མིས་སྐོར་ནས་དམ་དྲག་བྱས་ཡོད་པ་དང་། སྤྱི་ཚེས་༡༤ ཉིན་ཁྲི་རུ་ཡུལ་ཚོ་གྲོང་ཚོ་གཉིས་པའི་བསྟན་གཡང་གི་བུ་རང་ལོ་༡༨ ཡིན་པ་ཚེ་རིང་བསམ་འཕེལ་དང་། ནོར་བུ་དབང་གྲགས་ཚང་གི་བུ་གྲགས་པ་གཉིས་འཛིན་བཟུང་བྱས་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོང་གཉིས་ཀྱིས་ཁ་པར་བརྒྱུད་བོད་ཀྱི་གཞས་པ་ཤེར་བསྟན་གྱི་གཞས་ཤིག་ཕན་ཚུན་བསྐུར་བ་ལ་བརྟེན་ནས་འཇུ་བཟུང་བྱས་པ་རེད་ཟེར། ཁོང་གཉིས་སོག་རྫོང་དུ་ཁྲིད་རྗེས་གང་དུ་བཙོན་འཇུག་བཀག་ཉར་བྱས་མིན་ཤེས་རྟོག་ཐུབ་ཀྱི་མེད་པ་རེད་འདུག
སོག་རྫོང་ཁྲི་རྡོ་ཡུལ་ཚོའི་ལྕགས་ཟམ་ཟམ་ཁ་རུ་རྡོ་ཐོག་ལ་ལྕགས་རྩི་དམར་པོས་བོད་རང་བཙན་ཡིན་ཞེས་པ་བྲིས་བའི་གནས་ཚུལ་བྱུང་རྗེས་ད་ལྟ་ཟམ་པའི་ཕར་ཚུར་གཉིས་ལ་རྒྱ་གཞུང་གི་ཉེན་རྟོག་པས་སྲུང་བསྡད་ཡོད་པ་རེད་འདུག
གསར་འགོད་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎