སངས་རྒྱས་མཁར་ནས་རང་སྲེག་གིས་སྐུ་གྲོངས་ཡོད་པའི་གནས་ཚུལ།

2014-12-16
གློག་འཕྲིན།
མཆན།
Share
པར་བཀོད།
བླ་བྲང་ཨ་མཆོག་ཞིག་གི་རྒྱ་གཞུང་ཉེན་རྟོག་ཁང་གི་མདུན་སངས་རྒྱས་མཁར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་འདུག
བླ་བྲང་ཨ་མཆོག་ཞིག་གི་རྒྱ་གཞུང་ཉེན་རྟོག་ཁང་གི་མདུན་སངས་རྒྱས་མཁར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་འདུག
བོད་ནས་བཏང་འབྱོར།

༄༅༎བོད་ཀྱི་མདོ་སྨད་ཨ་མདོ་བླ་བྲང་ཨ་མཆོག་ཡུལ་ཚོའི་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་མདུན་དུ་བོད་མི་སངས་རྒྱས་མཁར་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་བར་གཞིགས་ན།ཕྱི་ཟླ་༡༢་པའི་ཚེས་༡༦་ཉིན་བོད་ནང་སྔ་དྲོའི་ ཆུ་ཚོད་ ༩ པ་ཙམ་ལ། ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོ་ནས་ཡིན་པའི་ཕ་དབང་ལོ་དང་། མ་གཡུ་སྒྲོན་གཉིས་ཀྱི་བུ་སངས་རྒྱས་མཁར་ལགས་ཀྱིས། ཨ་མཆོག་ཞང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་འདུག རང་ལུས་མེར་སྲེག་གི་ངོ་རྒོལ་བྱུང་རྗེས་ཉེན་རྟོག་པ་མང་པོ་འཕྲལ་མར་འབྱོར་ཏེ་ས་གནས་སུ་དམ་བསྒྲགས་བྱེད་འགོ་བཙུགས་པ་མ་ཟད། རང་ལུས་མེར་སྲེག་བཏང་པའི་བོད་མི་སངས་རྒྱས་མཁར་གྱི་ཕུང་པོ་བཙན་འཕྲོག་བྱས་ཡོད་པ་དང་། ས་གནས་མང་ཚོགས་ཚོས་ཉེན་རྟོག་པས་ཁོང་གི་ཕུང་པོ་བསང་ཆུ་རྫོང་དུ་འཁྱེར་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག         སངས་རྒྱས་མཁར་ལགས་ད་ལྟ་རང་ལོ་ ༣༤ ཡིན་པ་དང་ཕྲུག་གུ་བུ་མོ་གཉིས་འདུག གོང་ཞུས་གནས་ཚུལ་རྣམས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་་གནས་ཚུལ་བཏང་འབྱོར་བྱུང་བ་ནས་སྙིང་བསྡུས་ཕབ་བསྒྱུར་ཞུས་པ་ཡིན།།
གསར་འགོད་པ་ཀུན་བཟང་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།