བོད་རིཊ་བུད་མེད་ཞིག་གིས་མི་རིཊ་ཀྱི་ཚོང་རྟཊ་བསྐྲུན་ཐབས།


2014.04.21
བོད་རིགས་ཚོང་ལས་གཉེར་མཁན་བུད་མེད་བཀྲ་ཤིས་ཚེ་སྐྱིད་ལགས། བོད་རིགས་ཚོང་ལས་གཉེར་མཁན་བུད་མེད་བཀྲ་ཤིས་ཚེ་སྐྱིད་ལགས།
པར། དྲ་བཤུས། yoka

བོད་རིཊ་བུད་མེད་ཚོང་པ་ཞིག་གིས་མི་རིགས་ཀྱི་ཚོང་རྟགས་གྲགས་ཅན་ཞིག་བསྐྲུན་ཐབས་གནང་བཞིན་ཡོད་པ་རེད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཉིན་ཤས་གོང་རྒྱ་ནག་གི་བུད་མེད་ཅེས་པའི་དྲ་རྒྱའི་ཐོག་བོད་རིགས་ཚོང་ལས་གཉེར་མཁན་བུད་མེད་བཀྲ་ཤིས་ཚེ་སྐྱིད་ཞུ་བ་ཞིག་གི་གནས་ཚུལ་བཀོད་པ་ལྟར་ན། ཁོ་མོས་གཙང་གསུམ་འབྱུང་ཡུལ་ཞེས་བོད་ཀྱི་མཐོ་སྒང་དུ་རང་བཞིན་སྐྱེས་པའི་སྨན་རྩྭ་འདྲ་མིན་གྱི་ཐོན་རྫས་རིགས་ཉོ་ཚོང་བྱེད་བཞིན་པ་དང་། ཁོ་མོས་ཆེད་དུ་སྨན་ལས་ཁེ་གཉེར་ཁང་ཞིག་གསར་འཛུགས་བྱས་ཏེ་བོད་རིགས་བུད་མེད་ཁྲོད་དུ་གྲུབ་འབྲས་ལྡན་པའི་ཚོང་ལས་གཉེར་མཁན་ཞེས་སྐད་གྲགས་ཆགས་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག
བུད་མེད་ཚོང་བ་བཀྲ་ཤིས་ཚེ་སྐྱིད་ནི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ནས་ཡིན་ཞིང་། ཁོ་མོས་པེ་ཅིན་དཔལ་འབྱོར་སློབ་གླིང་ནས་སློབ་སྦྱོང་མཐར་ཕྱིན་རྗེས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཚོང་ལས་ཁང་དུ་ལས་དོན་གཉེར་ཡོད་པ་དང་། དེའི་རྗེས་ཁོ་མོ་སྒེར་ངོས་ནས་བོད་མིའི་སྨན་རྩྭ་རིགས་ཀྱི་ཚོང་ལས་གཉེར་ནས་ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ལན་ཀྲོའུ་ནས་སྨན་རྩྭ་བཙོང་སའི་ཁེ་གཉེར་ཁང་ཞིག་སྒོ་ཕྱེས་པ་དང་། དེ་ནས་ཟི་ལིང་དུ་སྨན་རྩྭ་ཉོ་ཚོང་དང་མཉམ་སྨན་ལས་ཁེ་གཉེར་ལས་ཁང་གསར་འཛུགས་བྱས་རྗེས། རིམ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་། ཞི་ཨན། པེ་ཅིན་སོགས་ནང་ཡན་ལག་ལས་ཁུངས་གཅིག་རྗེས་གཉིས་མཐུད་དུ་བཙུགས་ནས་དེང་སང་གཙང་གསུམ་འབྱུང་ཡུལ་ཞེས་པའི་ཁེ་གཉེར་ལས་ཁུངས་དེ་ནི་བོད་སྨན་ཞིབ་འཇུག་གསར་གཏོད་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཚན་རྩལ་ཁེ་ལས་གསར་བ་ཞིག་ཏུ་གྱུར་ནས་ཐོན་རྫས་སྣ་ཁ་བཞི་བརྒྱ་ལྷག་མཁོ་སྤྲོད་བྱེད་བཞིན་ཡོད་པ་དེང་སྐབས་རྒྱ་ནག་དང་། ཧོང་ཀོང་། མཱ་ཁོ། ཐེ་ཝན་སོགས་ཀྱི་ནང་ཚོང་བཞིན་ཡོད་པར་མ་ཟད། ཉི་ཧོང་དང་། ལྷོ་ཁོ་རེ་ཡ། ཨེ་ཤེ་ཡའི་ཤར་ལྷོ་སོགས་ཀྱི་རྒྱལ་ཁབ་ནང་དུའང་ཚོང་བཞིན་ཡོད་འདུག
ཚོང་པ་བཀྲ་ཤིས་ཚེ་སྐྱིད་ཀྱིས་ཁོང་མོའི་ཕུགས་འདུན་ནི། འཛམ་གླིང་ཡོངས་ཀྱི་མི་ཚང་མར་གཙང་གསུམ་འབྱུང་ཡུལ་གྱི་ཁེ་གཉེར་ལས་ཁུངས་འདི་བརྒྱུད་ནས་བོད་མིའི་སྨན་རྩྭ་རིགས་ལ་རྒྱུས་མངའ་ཡོང་བ་བྱས་ཏེ། མི་རིགས་ཀྱི་ཁེ་ལས་ཤིག་དང་མི་རིགས་ཀྱི་ཚོང་རྟགས་གྲགས་ཅན་ཞིག་བསྐྲུན་རྒྱུ་ཡིན་ཞེས་གསུངས་འདུག

གསར་འགོད་པ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎