བོད་ནང་གི་བོད་མི་གཉིས་དང་ལྷན་དབྱར་རྩྭ་དགུན་འབུའི་སྐོར་གླེང་བ།

2018-05-18
གློག་འཕྲིན།
མཆན།
Share
པར་བཀོད།
དབྱར་རྩ་དགུན་འབུ།
དབྱར་རྩ་དགུན་འབུ།
མཐུན་འགྱུར་པར་རིས།

༄༅།། ཐེངས་འདིའི༼ གངས་ལྗོངས་གླེང་སྟེགས༽ཀྱི་ནང་དུ།   ད་ལྟའི་དུས་འདི་ནི་ལོ་རེའི་དབྱར་རྩྭ་དགུན་འབུ་སློག་པའི་དུས་ཚིགས་ཡིན་ཞིང་། ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་ན་ནིང་དང་བསྡུར་ན་མར་ཆག་ཡོད་འདུག དབྱར་རྩྭ་དགུན་འབུ་ནི་བོད་མི་མང་ཆེ་བ་དང་དེ་བཞིན་བོད་ཁུལ་དུ་གནས་སྡོད་རྒྱ་རིགས་དང་ཁ་ཆེ་མི་རིགས་སོགས་ཀྱི་ལོ་རེའི་ཡོང་སྒོ་གཙོ་བོ་དེ་ཡིན་ལ།  དབྱར་རྩྭ་དགུན་འབུའི་རིན་གོང་མར་ཆག་པས་བོད་མིའི་འཚོ་བར་ཤུགས་རྐྱེན་ཡོད་མེད་དང་།  དབྱར་རྩྭ་དགུན་འབུ་ལོ་མང་རིང་བསྟུད་མར་སློག་པ་དེས་འབྲོག་པའི་རྩྭ་ས་དང་ཁོར་ཡུག་ལ་གནོན་སྐྱོན་ཡོད་མེད།  དབྱར་རྩྭ་དགུན་འབུ་འཐུ་ཞོར་དུ་ཁོར་ཡུག་སྲུང་སྐྱོང་བྱེད་སྲོལ་ཅི་ཞིག་ཡོད་པ་ལ་སོགས་པའི་ཐད་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཚོང་ལས་བྱེད་མྱོང་བའི་བོད་ནང་གི་བོད་མི་གུང་དཀར་ངེས་དོན་ལགས་དང་སྐལ་བཟང་རྡོ་རྗེ་ལགས་རྣམ་པ་གཉིས་ལ་བཅར་འདྲི་ཞུས་པ་གསན་རོགས་གནང་།


གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།