བརྙན།

ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ། ༢༠༢༢།

2022-09-24

ཟླ་འདིའི་ཕྱི་ཚེས་༢༢དང་༢༣་བཅས་ཉིན་གྲངས་གཉིས་ཀྱི་རིང་ཨ་མི་རི་ཀའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་གནང་ཡོད་པ་དང་། ད་རེས་ཀྱི་ཞུ་གཏུག་སྐབས། བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐོག་ལ་གནོན་ཤུགས་སྐུལ་དེད་གཏོང་བའི་ཁྲིམས་འཆར་འདིའི་ཐོག་ལ་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུ་ནི་ཞུ་གཏུགས་ཀྱི་གནད་དོན་གཙོ་བོ་གཅིག་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་གླེང་མོལ་གྱི་ལས་རིམ་ནང་། ལྷོ་བྱང་ཨ་རིའི་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་དང་། ལྷོ་ཁེ་ལི་ཕོར་ནི་ཡ་ནས་ཕེབས་པའི་བོད་དོན་ཞུ་གཏུག་པ་ཕ་ན་ཅ་རསི་ཚེ་བརྟན་སྒྲོལ་དཀར་ལགས་དང་མཉམ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གཟིགས་རོགས་གནང་། Discussion on Tibet Lobby Day 2022 with North and South America Chitue Thondup Tsering la and Tseten Dolkar Tseten Dolkar Phanucharas la from South Carlifornia. Host: Kalden Lodoe RFA Tibetan Service Director. Producer: Tamdin Wangchuk