བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༨།༡༨།

2022-08-18

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགས་སུ་ཡོད་པའི་དུས་རབས་བཅུ་གསུམ་ནང་བཞེངས་པའི་ཁ་ཆེའི་ཕྱག་འཚལ་ཁང་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཅིང་། ནང་པ་དང་ཁ་ཆེ་བའི་དབར་འཆམ་མཐུན་ངང་གནས་པར་བསྔགས་བརྗོད་མཛད་པ། • བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་པ་མི་གྲངས་ ༢༩༡༡ ཟིན་འདུག་ཅིང་། རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་སྟོང་ཕྲག་མང་པོ་བོད་ནས་ཐོན་ཐབས་བྱེད་བཞིན་ཡོད་འདུག • སུད་སི་གཞུང་གི་གཞིས་སྤོ་ལས་ཁུངས་ཀྱི་དྲུང་ཆེས་སུད་སི་ནང་བོད་མི་ཁྲིམས་མཐུན་གནས་སྡོད་ཆོག་པའི་ཡིག་ཆ་མེད་པ་ཚོའི་དཀའ་ངལ་སེལ་ཐབས་སུ་ཁྲིམས་ལུགས་གཞིར་བཟུང་རོགས་སྐྱོར་གང་འོས་གནང་རྒྱུའི་ཞལ་བཞེས་གནང་འདུག Anchor: Kalden Lodoe Producer: Nordhey Dolma