བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༡༡།༢༩

2022-11-29

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༡༡།༢༩ ཐེངས་འདིའི་བརྙན་འཕྲིན་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཀྱི་ཞི་བདེ་བསྐྲུན་པར་ནང་ཆོས་ལས་ལྷག་མེད་པའི་སྐོར་སོག་ཡུལ་གྱི་དད་ལྡན་པ་ཁག་ཅིག་ལ་བཀའ་སློབ་བསྩལ་བ། དེང་སྐབས་རྒྱ་ནག་གི་པེ་ཅིན་གྱི་སློབ་ཆེན་ཆེ་ཁག་དང་དེ་བཞིན་གྲོང་ཁྱེར་ཧྲང་ཧེ་སོགས་ནང་མི་མང་གིས་ཤོག་བུ་དཀར་པོ་བཟུང་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། རྒྱ་ནག་གཞུང་ལ་གྲོས་མོལ་གྱི་ཐབས་ལམ་དང་གོ་སྐབས་བྱུང་ན། ང་ཚོ་ལ་སྐད་ཆ་བཤད་རྒྱུར་ཐེ་ཚོམ་བྱེད་དགོས་པ་མེད་ཅེས། གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུའི་མཇུག་བསྡོམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – November 29, 2022 Anchor: Chakmo Tso Producer: Passang Dhonden