བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༨།༢༣

2022-08-23

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༨།༢༣ ཐེངས་འདིའི་བརྙན་འཕྲིན་ནང་། རྒྱ་གར་གྲོས་ཚོགས་འཐུས་མི་ཁྲོད་༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་སྟེ་(Bharat Ratna) འབུལ་དགོས་པ་གལ་ཆེ་ཡིན་པ་དགོངས་ཚུལ་གསུང་མཁན་མང་དུ་འགྲོ་བཞིན་པ། མདོ་སྨད་རེབ་གོང་དང་བླ་བྲང་སོགས་སུ་ཆུ་ལོག་རྒྱུགས་ནས་ལམ་ཆད་པ། རླངས་འཁོར་ཆུ་ཡིས་ཁུར་བ །ཁང་བ་བརྡིབས་སྐྱོན་ སོགས་གནོད་སྐྱོན་ཆེན་པོ་བྱུང་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་སྙིང་སྟོབས་ཀྱི་གཟེངས་རྟགས་དེ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ཕུལ་ཡོད་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – August 23, 2022 Anchor: Palden Gyal Producer: Passang Dhonden