བརྙན།

གྲོས་ཚོགས་ཉིན་གཉིས་དང་ཕྱེད་ཀའི་རིང་ཚོགས་མ་ཐུབ་པ།

2022-09-15

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཉིན་གཉིས་དང་ཕྱེད་ཀའི་རིང་ཚོགས་མ་ཐུབ་པའི་གནས་ཚུལ་བྱུང་ན་ཡང་། ཕྱི་ཚེས་ ༡༤ ནས་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་པ་བྱུང་ཡོད་པ་རེད། དེ་རིང་གླེང་མོལ་གྱི་ལེ་ཚན་ནང་སྤྱི་འཐུས་ཀྱི་དབང་ཚད་དང་ལས་འགན། དེ་བཞིན་ཡོ་རོབ་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད། བོད་མི་མང་ཡོ་རོབ་སྤྱི་འཐུས་ཟུར་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཡན་ལག་འགན་འཛིན་བཀྲས་མཐོང་དབང་པོ་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་དབར་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་གླེང་མོལ་ཞུས་པ་དེ་གསན་རོགས་གནང་། In conversation with Wangpo Tethong, Executive Director of the International Campaign for Tibet Europe on Rights and Responsibilities of Chithue and bringing up Tibet issue in the international arena and pressure China to respond. Host: Palden Gyal Producer: Yeshi Tashi