བརྙན།

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ངོ་རྒོལ་རྔམ་སྟོན།

2022-12-01

རྒྱ་ནག་གཞུང་གིས་འདས་པའི་ལོ་གསུམ་ལྷག་རིང་རྒྱ་ནག་ཁྱོན་ཡོངས་ནང་ཏོགས་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་བྱུས་འཛིན་ནས་ཁྱིམ་སྡོད་བཀའ་རྒྱ་སོགས་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ད་ཆ་རྒྱ་ནག་རྒྱལ་ཡོངས་ནང་རྒྱ་ནག་དམར་པོའི་གཞུང་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ཞི་ཅིང་ཕིང་གོ་གནས་ནས་རྩ་དགོངས་ཞུ་དགོས་པའི་ངོ་རྒོལ་སྐད་འབོད་ཀྱང་ཤུགས་ཆེ་རྒྱབ་བཞིན་ཡོད་པ་རེད། དེ་རིང་གླེང་མོལ་ལེ་ཚན་ནང་། ཐེ་ཝན་སྐུ་ཚབ་དོན་གཅོད་དང་བོད་རྒྱ་ཉམས་ཞིབ་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། རྩོམ་པ་པོ་དང་བོད་དོན་ཐབས་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། སྨན་པའི་ཆེད་ལས་སློབ་གཉེར་གནང་བཞིན་པ་བསྟན་འཛིན་ཡེ་ཤེས་ལགས་གསུམ་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་ཞུས་པ་འདི་གཟིགས་རོགས་གནང་།