བརྙན།

ཐེ་ཝན། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ།

2022-08-04

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་ཕེབས་པའི་གནད་འགག་དང་། དེས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དང་། ཐེ་ཝན་ལ་འདིས་ཤུགས་རྐྱེན་ཇི་བྱུང་། དེ་བཞིན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་སྐབས་བོད་དོན་ཐད་བཀའ་མོལ་ཞུས་པ་སོགས་ཀྱི་སྐོར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་ལས་ཁུངས་ཀྱི་འགན་འཛིན་ཡེ་ཤེ་ཟླ་བ་ལགས་དབར་གླེང་མོ་ཞུས་པ་འདི་གསན་གཟིགས་གནང་རོགས།