བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༩།༠༡

2022-09-01

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་གྱི་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་༧ཞབས་སོར་བདེ་བར་འཁོད་གནང་མཛད་པ། • བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་གྲངས་འབོར་ཆིག་ཁྲི་ལྷག་བརྒལ་ཡོད་པ་དང་ཟུར་བཀག་འོག་དྲུག་ཁྲི་ལྷག་བཞག་ཡོད་འདུག • བོད་ཀྱི་ཐང་བྲིས་སྒྱུ་རྩལ་བ་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་ལགས་དགུང་གྲངས་ ༨༢ ཐོག་དགོངས་པ་རྫོགས་འདུག ཁོང་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་ཐང་བྲིས་སྒྱུ་སྩལ་སྡེ་ཚན་གྱི་དགེ་རྒན་ཆེན་མོ་དང་པོ་ཡིན་པ་རེད།