བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༩།༢༩།

2022-09-29

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་སུ་༧གོང་ས་མཆོག་༧གང་ཉིད་ལ་ཡོད་པ་བཀའ་ཤག་གི་བཞེངས་ཕྱོགས་ནན་བརྗོད་གནང་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གཙོ་བོར་བྱས་པའི་ཕྱི་རྒྱལ་དད་ལྡན་པ་ཁག་ཅིག་དགེ་ཚུལ་བསྒྲུབ་གནང་མཛད་ཅིང་། ནང་ཆོས་ཀྱི་རིན་ཐང་ཤེས་པའི་སྒོ་ནས་གཞན་ལ་ངོ་སྤྲོད་བྱེད་ཐབས་དགོས་པའི་བཀའ་སློབ་བསྩལ་གནང་མཛད་འདུག ཨ་རིའི་སྐུ་ཚབ་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཇི་ཆགས་དང་འབྲེལ་བའི་བགྲོ་གླེང་ཞིག་གོ་སྒྲིག་གནང་འདུག