བརྙན།

སོ་ཉུལ་གྱི་ཉེས་འཛུགས་གྱོད་གཏུགས་བྱས་པ་ཁག་ཕྱིར་བསྡུ།

2023-01-26

ཨ་མེ་རི་ཀའི་ནང་གི་བོད་མིའི་ཐོག་སོ་མྱུལ་བྱས་པའི་ནག་ཉེས་འོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ Baimadajie Angwang ཕྱི་ལོ་ ༢༠༢༠ ཐམ་པའི་ཕྱི་ཟླ་དགུ་པའི་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། འོན་ཀྱང་གཟའ་འཁོར་སྔོན་མར་ཨ་རིའི་གཞུང་གིས་རྒྱུ་མཚན་གསལ་ཁ་མ་བཏོན་པའི་ཐོག་ནས་པདྨ་དར་རྒྱས་ངག་དབང་ཐོག་བཀེལ་བའི་སོ་ཉུལ་གྱི་ཉེས་འཛུགས་གྱོད་གཏུགས་བྱས་པ་ཁག་ཕྱིར་བསྡུ་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། གནད་དོན་དེའི་ཐོག་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་མིའི་སྒྲིགས་འཛུགས་ཀྱི་ཁྲིམས་རྩོད་པ་ཟུར་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་ས་གནས་གཞོན་ནུའི་ཚོགས་གཙོ་ཟུར་བ་ངག་དབང་མཐར་ཕྱིན་ལགས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གཟིགས་རོགས་ཞུ།