བརྙན།
བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༡།༢༥
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༥།༠༡།༢༥ ཐེངས་འདིའི་བརྙན་འཕྲིན་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོར། དགེ་འདུན་པ་ ༢༨༠ ཙམ་ཞིག་ལ་དགེ་སློང་གི་སྡོམ་པ་འབོག་ཆོག་སྩལ་པ་ནི་ཕྱི་ལོ་གསར་པ་འདིའི་ནང་གི་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བདུན་ཅུ་ལྷག་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཀྱི་མཛད་པ་དང་འབྲེལ་བའི་བཀའ་རྩོམ་གྱི་ཕྱག་དེབ་གསར་པ་ཞིག་འདོན་སྤེལ་གནང་གི་ཡོད་འདུག སྲིད་སྐྱོང་མཆོག་གི་དབུ་ཞུགས་ཐོག་ཨ་རུ་ཎཱ་ཅལ་མངའ་སྡེའི་རྒྱལ་སར་རྒྱ་གར་གྱི་བདེ་འཇགས་དང་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གནང་འདུག་པར། ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་དབུས་གནད་ཡོད་མི་སྣ་མང་པོས་མཉམ་ཞུགས་གནང་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་གྱི་ཕྱག་དེབ་གསར་པ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པའི་སྐོར་དང་འབྲེལ་བའི་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད། RFA Tibetan TV Program- January 25, 2025 Anchor: Tashi Wangchuk Producer: Passang Dhonden