བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༡།༡༩

2023-01-19

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་གནང་མཛད་རྒྱུ་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་་སྐབས་ཞལ་བཞེས་མཛད་ཡོད་པ་རེད། • བོད་ཀྱི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རང་གི་སྤུན་རྡོ་རྗེ་བཀྲིས་ལགས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་དགོས་པའི་ཞུ་གཏུགས་ཀྱི་བརྙན་ཐུག་ཕྱིར་བསྒྲགས་བྱས་པར། གྲྭ་བཞི་བཙོན་ཁང་གི་ལས་བྱེད་པས་རྡོ་རྗེ་ཚེ་བརྟན་ལགས་ལབཙོན་ཁང་ལ་ཉེས་མིང་བཙུགས་པར་དགོངས་སེལ་ཞུ་དགོས་པ་བརྗོད་འདུག • ཐེར་མོ་ཧྥི་ཤར་ཨ་རིའི་ཚན་རྩལ་འཕྲུལ་རིག་ཁང་གིས་རྒྱ་ནག་དང་ཚོང་འབྲེལ་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་ལ་ད་བར་དངས་ལེན་མ་བྱས་སྟབས། བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བརྗོད་འདུག