བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༡།༢༦

2023-01-26

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེནཌི་སྲིད་བློན་གསར་རྙིང་རྣམ་པར་དབུ་ཁྲིད་རྣམ་པ་གཉིས་ཀའི་མ་འོངས་ལས་དོན་ཁག་ལམ་ལྷོང་འབྱུང་རྒྱུར་གསུང་འཕྲིན་སྩལ་འདུག • ཉེ་ཧོང་ནང་པའི་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་བྱེད་མཚམས་འཇོག་དགོས་པ་ནན་བརྗོད་གནང་འདུག • ཕྱི་ལོ་༢༠༢༡ ནས་་༢༠༢༢ ལོའི་བར་་ཁམས་བྲག་མགོའི་ནང་རྒྱ་ནག་གཞུང་གིས་སྐུ་བརྙན་དང་སློབ་གྲྭ་གཏོར་བཤིག་སོགས་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་ཞིག་དབྱིན་ཇིའི་གྲོ་ཚོགས་ཀྱི་ཚོགས་ཁང་ཞིག་ནང་འདོན་སྤེལ་བྱས་འདུག • ཕིན་ལེནཌི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣས༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་རྒྱུའི་ཐུགས་འདུན་ཡོད་པ་དབྱིན་ལེནཌ་སྐུ་ཚབ་དོན་གཅོད་ལ་གསུངས་འདུག