བརྙན།

འཆི་མེད་ལྷ་མོ། ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་འོས་བསྡུ།

2022-09-01

ཁེ་ཎ་ཌའི་ནང་གནས་བཞུགས་བོད་རིགས་གཞོན་སྐྱེས་བུད་མེད་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོའི (Parkdale)་དང་(Highpark)་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་འགྲན་བསྡུར་ནང་བཞེངས་ཀྱི་ཡོད་པ་རེད། ཁོང་གི་འོས་བསྡུའི་དྲིལ་བསྒྲགས་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་དོ་སྣང་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་ཐོག རྒྱལ་ཁ་ཐོབ་རྒྱུར་འདེངས་ཚོད་ཆེན་པོ་བྱེད་བཞིན་འདུག དེ་རིང་གླེང་མོལ་གྱི་ལས་རིམ་ནང་། འཆི་མེད་ལྷ་མོ་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་དབར་གླེང་མོལ་གནང་པ་དེ་གཟིགས་རོགས་གནང་།