བརྙན།
བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་སྐྱོད།
བོད་དོན་དྲིལབསྒྲགས་ཆེད་སྦག་སྦག་སྐོར་སྐྱོད། Motorcycle Campaign for Tibet Awareness Across India གླེང་མོལ་གྱི་ལེ་ཚན་ནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་བ་གཉིས་རིང་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལབསྒྲགས་ཆེད་སྦག་སྦག་སྐོར་སྐྱོད་ལས་འགུལ་སྤེལ་ཡོད་པའི་དམིགས་ཡུལ་དང་། ཟླ་གཉིས་རིང་གི་སྦག་སྦག་སྐོར་སྐྱོད་ལས་འགུལ་ཁྲོད་རྒྱ་གར་གཞུང་གཉིས་ལ་བོད་དོན་གོ་རྟོགས་ག་འདྲ་སྤེལ་ཐུབ་ཡོད་མིན། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ནི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་གནད་འགག་ག་འདྲ་ཆགས་་ཡོད་པ་སོགས་ཀྱི་ཐད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་མཉམ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས། The Tibetan Youth Congress organized a two-month motorcycle awareness campaign throughout India to raise support for the Tibet cause. We spoke with Gonpo Dhondup, President of the Central Tibetan Youth Congress, about: The goals of the two-month motorcycle campaign How successful they were in raising awareness about Tibet among both the Indian government and the public during the tour The strategic significance of the Indian government and public for the Tibetan freedom movement. Host:Palden Gyal Producer: Yeshi Tashi