བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༩།༢༤

2022-09-24

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༩།༢༤ RFA Tibetan TV September 24, 2022 ཐེངས་འདིའི་བརྙན་འཕྲིན་ནང་། ༡ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་རྙོག་ཅན་གྱི་ཡུལ་གྲུ་ཁག་ནས་བཅར་བའི་གཞོན་སྐྱེས་འགོ་ཁྲིད་ ༢༦ དང་གསུང་གླེང་མཛད་སྐབས། ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་མི་ཚང་མར་ལས་འགན་གཅིག་འགྱུར་ཡོད་པ་བཀའ་གནང་འདུག ༢ སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་ནང་དུའང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་ཐབས་ཡོང་པའི་འབོད་སྐུལ་གནང་འདུག ༣ ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་གནང་པ་དང་། ཞུ་གཏུགས་སྐབས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐོག་ལ་གནོན་ཤུགས་སྐུལ་དེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པའི་ཞུ་འབོད་གནང་སོང་། Anchor: Tashi Wangchuk Producer:Tamdin Wangchuk