བརྙན།

བོད་ནང་ཁྱིམ་སྡོད་བཀའ་རྒྱ་དང་རིགས་རྫས་མཁོ་སྒྲུབ།

2022-09-20

ཉེ་བའི་ཆར་བོད་ནང་རྒྱ་གཞུང་དང་ཐད་ཀར་འབྲེལ་བ་ཆགས་པའི་གནད་དོན་ཆེ་ཁག་གཉིས་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་(Covid-19)ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཆེད་ཡུན་རིང་ཁྱིམ་བསྡོད་བཀའ་རྒྱ་བསྡམས་པ་དེས་གཞིས་ལུས་བོད་མི་ཚོར་དཀའ་སྡུག་དང་། ཡང་གནས་ཚུལ་གཞན་ཞིག་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མི་འབོར་གསུམ་ཆ་གཅིག་ཙམ་གྱི་རིགས་རྫས་DNAམཁོ་སྒྲུབ་བྱས་པའི་སྐོར་ཉེ་ལམ་སྙན་ཐོ་ཁག་གཉིས་ཙམ་བཏོན་ཡོད་པ་རེད། གནད་དོན་དེ་གཉིས་དང་འབྲེལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་པདྨ་སྒྲོལ་མ་ལགས་དང་ཁེ་ཎཌའི་Torotonགཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་རྫ་འཕྲིན་ལས་རྒྱ་མཚོ་རྣམ་པ་གཉིས་གདན་ཞུས་ཀྱིས་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་ཞུས་པ་གསན་གཟིགས་གནང་རོགས་ཞུ། China’s extended lockdown due to Covid-19 in TAR have left many Tibetan local residents reeling from its impact, and reports of involuntary collection of DNA samples from Tibetan is another consequential issue that Tibetans inside have to put up with in recent times. RFA invites SFT executive director Pema Dolma and Toronto University PhD candidate Za Thinley Gyaltso to unpack the underlying reasons for these two issues and what this tells about China's long term strategy and the peril of Tibetan's future. Host: Dorjee Damdul Producer: Nordhey Dolma