རྒྱ་ནག་ལ་དོགས་འདྲི།


2013-12-17
Share
རྒྱ་ནག་ཅིང་ཤེ་ཕྱོགས་ཀྱི་ངལ་རྩོལ་བསྒྱུར་བཀོད་ར་བ་ཞིག ངལ་རྩོལ་བསྒྱུར་བཀོད་
པར། IMAGINECHINA

རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་མེད་པ་བཟོ་རྒྱུར་ལྷག་བསམ་ཡོད་མེད་ལ་རྒྱལ་སྤྱིའི་བཙོན་གྲོལ་ཉེས་ཡང་གིས་དོགས་འདྲི་བྱས་ཡོད་འདུག

དེ་ཡང་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་རྒྱལ་སྤྱིའི་བཙོན་གྲོལ་ཉེས་ཡང་ཚོགས་པས་ཟླ་༡༢་ཚེས་༡༧ཉིན་སྙན་ཐོ་ཞིག་འདོན་སྤེལ་བྱས་ཏེ། རྒྱ་ནག་གཞུང་གིས་ངན་མིང་ཡོངས་སུ་གྲགས་པའི་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་མེད་པ་བཟོ་རྒྱུའི་ཁྱབ་བསྒྲཌ་བྱས་དོན་གྱི་ལྷག་བསམ་ལ་དོགས་འདྲི་བྱས་ཡོད་པ་རེད།   སྙན་ཐོ་དེའི་ནང་།  རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་དེ་ཕྱི་ཚུལ་འགྱུར་བ་བཏང་བ་ལས་ནང་དོན་མི་བསྒྱུར་བར་བཙོན་དོང་ནག་པོ་དང་། ཉལ་ཐ་གཅོད་སའི་ལྟེ་གནས་ཁང་ངམ། ཡང་ན་མིང་གཞན་བཏགས་ནས་བཀག་ཉར་བྱེད་སའི་ལྟེ་གནས་ཁང་མུ་མཐུད་ནས་གནས་སུ་འཇུག་རྩིས་བྱེད་ཀྱི་ཡོད་ཚུལ་འཁོད་འདུག གོང་གསལ་ཉལ་ཐ་གཅོད་པའི་ལྟེ་གནས་ཁང་གི་ལས་ཀའི་ངོ་བོ་དང་། དེ་སྔའི་ངལ་རྩོལ་བསྒྱུར་བཀོད་བྱེད་སྟངས་གཉིས་གཅིག་པ་གཅིག་རྐྱང་ཡིན་ཞིང་།  ལྟེ་གནས་ཁང་དེར་དོ་དམ་བཀག་ཉར་བྱེད་པའི་མི་སྣར་ཁྲིམས་ཞིབ་གང་ཡང་མ་བྱས་པར་ལོ་བཅུ་ཕྲག་བཀག་ཉར་དོ་དམ་བྱས་ཏེ་ངལ་ལས་ཀྱི་དཀའ་སྡུག་གི་མནར་གཅོད་མྱོང་དགོས་ཀྱི་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྡོམ་རྩིས་བྱས་པ་ལ་གཞིགས་ན།   ༢༠༠༩་ལོར་རྒྱ་ནག་ཏུ་ངལ་རྩོལ་བསྒྱུར་བཀོད་དང་ལེན་མི་བྱེད་ཀ་མེད་ཐུག་པའི་མི་ཁྱོན་ཆིག་འབུམ་དགུ་ཁྲི་ཙམ་ཡོད་པའི་ཁོངས་སུ་མང་ཆེ་བ་ཉེས་པ་ཆུང་ངུ་ལས་བསགས་མེད་པ་རྐྱང་ཡིན་པ་དང་།  དེའི་ནང་མང་པོ་ཞིག་གོང་རིམ་ལ་ཞུ་གཏུཌ་བྱེདམཁན་དང་། ཆོས་ལུགས་མི་སྣ།   འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བཅས་ཡིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོཌ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།