བོད་དང་ཤིན་ཅང་གི་གནས་སྟངས་ཐེར་འདོན་བྱས་འདུག

2014-02-28
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རེ་མཆོག་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་སྐབས། ༢༠༡༤།༢།༢༧
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རེ་མཆོག་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་སྐབས། ༢༠༡༤།༢།༢༧
པར། AFP

ཨ་མི་རི་ཀས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞིབ་འཇུག་གི་སྙན་ཐོའི་ནང་བོད་དང་ཤིན་ཅང་གི་གནས་སྟངས་ཐེར་འདོན་བྱས་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཛམ་གླིང་སྤྱི་ཡོངས་ཀྱི་ཡུལ་གྲུ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་གནང་བའི་སྙན་ཐོ་དེ་ཕྱི་ཟླ་གཉིས་པའི་ཚེས་༢༧ ཉིན་འདོན་སྤེལ་གནང་ཡོད་པ་དང། སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ནང་དུ་འགྲོ་བ་མིའི་རང་དབང་ཐོག་མུ་མཐུད་དམ་བསྒྲཌ་བྱས་པའི་ཁར་རང་དབང་འཐབ་རྩོད་གནང་མཁན་ཚོའི་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་ཐེར་འདོན་གནང་ཡོད་པ་རེད། སྙན་ཐོ་དེའི་ནང་དུ་འཛམ་གླིང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཚོ་ཐེར་འདོན་གནང་བ་མ་ཟད། བྱེ་བྲག་ཏུ་རྒྱ་ནག་ནང་དུ་འགྲོ་བ་མིའི་རང་དབང་གི་གནས་སྟངས་ཁག་ཅིག་ཐོག་ལ་བཟང་ཕྱོགས་ཀྱི་བསྒྱུར་བཅོས་བྱུང་ཡོད་ནའང་། བོད་དང་ཤིང་ཅང་ནང་གི་རང་དབང་ཐོག་ལ་དམ་བསྒྲཌ་ཆེ་རུ་བཏང་ཡོད་པའི་ཁར་རང་དབང་གི་དོན་དུ་ལས་འགུལ་སྤེལ་བར་ཧ་ཅང་གི་དམ་བསྒྲཌ་ཆེན་པོ་བྱས་ཡོད་པའི་གནས་ཚུལ་བཀོད་སྤེལ་གནང་བར་བརྟེན་དེ་རིང་ཕྱི་ཟླ་གཉིས་པའི་ཚེས་༢༨ རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་ཕྱོགས་ནས་དེར་སྐྱོན་བརྗོད་ཀྱི་དགག་ལན་ཞིག་སྤེལ་ཏེ། ཨ་མི་རི་ཀའི་ཕྱོགས་ནས་སོ་སོའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དཀའ་ངལ་ཡོད་པ་དེ་ཚོ་སྦས་གསང་བྱས་ཏེ་ཤོད་ཀྱི་མེད་པའི་སྐོར་བཤད་ཡོད་པ་རེད།     
གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།