བོད་དོན་དང་དྲང་བདེན་གནས་ཚུལ་བཀོད་པའི་འཁོན་ལན།


2013-12-12
Share
༢༠༡༢ལོར་པེ་ཅིན་སྨན་ཁང་ཞིག་གི་སྒོ་འགྲམ་ནས་ཉེན་རྟོག་པས་ཕྱི་རྒྱལ་གསར་འགོད་པར་བཀག་བསྡོམས་བྱེད་བཞིན་པའི་རྣམ་པ། ༢༠༡༢ལོར་པེ་ཅིན་སྨན་ཁང་ཞིག་གི་སྒོ་འགྲམ་ནས་ཉེན་རྟོག་པས་ཕྱི་རྒྱལ་གསར་འགོད་པར་བཀག་བསྡོམས་བྱེད་བཞིན་པའི་རྣམ་པ།
པར། AFP

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་འཁོན་ལན་བྱེད་དོན་གཙོ་བོ་ནི་བོད་དོན་དང་། དྲང་བདེན་གནས་ཚུལ་བཀོད་པའི་རྐྱེན་ཡིན་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་ཐུས་མི་ Sherrod Brownལགས་དང་། Chris Smith ལགས་ཀྱིས་རྒྱ་ནག་ཕྱོགས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་འཛིན་པའི་ལྟ་སྟངས་སྐོར་མཁས་པའི་བགྲོ་གླིང་ཞིག་བསྐོང་ཚོགས་གནང་ཡོད་པ་རེད། ཕྱི་ཚེས་༡༡ཉིན་གྱི་དགོང་མོ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གོང་ཞུས་གནད་དོན་དེའི་ཐོག་གཏམ་བཤད་བྱེད་མཁན་ཚོས། རྒྱ་ནག་གཞུང་ཕྱོགས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་འཁོན་ལན་བྱེད་དོན་གཙོ་བོ་གཅིག་ཁོང་ཚོས་བོད་ནང་རང་ལུས་མེ་བསྲེགས་དང་འབྲེལ་བའི་སྐོར་གནས་ཚུལ་མཁོ་སྒྲུབ་བྱས་བ་དང་། རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཚོའི་ནང་མིའི་རྒྱུ་ནོར་སྐོར་ལ་གནས་ཚུལ་ཞིབ་འཇུག་གིས་དྲང་བདེན་གནས་ཚུལ་བཀོད་པ་སོགས་ཀྱི་རྐྱེན་ལས་ཡོང་གི་ཡོད་པ་བརྗོད་འདུག

གོང་ཞུས་ཀྱི་བརྗོད་གཞི་ཐོག་གཏམ་བཤད་བྱེད་མཁན་ཨ་རིའི་ནུའུ་ཡའོ་གསར་ཤོག་གི་གསར་འགོད་པ་དང་དེ་བཞིན་Times དུས་དེབ་གསར་འགོད་པ།  སྒེར་པ་ Paul Mooneyདང་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འབྲེལ་འཐུད་པ་ Bob Dietz,ཡང་ཨ་རིའི་རང་དབང་གི་ཁང་པ་ཉམས་ཞིབ་པ་རྒན་པ་ Sarah Cookབཅས་རེད་འདུག   ཁོང་རྣམ་པ་ཚང་མས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་དོ་སྣང་ཆེན་པོ་ཡོད་པ་དང་། གནས་ཚུལ་ཞིབ་འཇུག་དང་། མཐིལ་ཕྱིན་མཁོ་སྒྲུབ་མ་ཐུབ་པ་གཙོ་བོ་རྒྱ་ནག་གིས་དམ་བསྒྲགས་དང་། འཁོན་ལན་བྱས་རྐྱེན་རེད་ཅེས་ཀྱང་གསུངས་པ་དང་། གལ་སྲིད་རྒྱ་ནག་ཏུ་གསར་འགོད་པའི་ལས་ཀའི་ཐོག་བསྡད་མ་ཐུབ་ཚེ་ཕྱི་ཕྱོགས་ནས་གནད་དོན་ཁག་ལ་མུ་མཐུན་བཀོད་སྤེལ་བྱེད་རྒྱུ་ཆོད་སེམས་ཡོད་པ་ཡང་བརྗོད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།