རྒྱལ་ཚོང་དང་ལྐོག་ཟ་བྱས་བས་སྲོག་ཐོག་བཏང་འདུག


2013-12-13
Share
Jang Song-Thaekaཁྲིམས་རྭར་ཁྲིད་པའི་སྐབས རྒྱལ་ཚོང་དང་ལྐོག་ཟ་བྱས་བས་སྲོག་ཐོག་བཏང་འདུག
པར། AFP

Jang Song-Thaekaརྒྱལ་ཚོང་ཀྱི་ལས་འགུལ་སྣ་ཚོགས་དང་ལྐོག་ཟ་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ནས་སྲོག་ཐོག་བཏང་འདུག

དེ་ཡང་གནས་ཚུལ་ལྟར་ན། བྱང་ཀོ་རི་ཡའི་འགོ་ཁྲིད་Kim Jong-Un ཡི་ཨ་ནིའི་བཟའ་ཟླ་ཡིན་པ་Jang Song-Thaeka རྒྱལ་ཚོང་ཀྱི་ལས་འགུལ་སྣ་ཚོགས་དང་། ལྐོག་ཟ་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ནས་ཁ་སང་རེས་གཟའ་ཕུར་བུའི་ཉིན་ཁོ་སྲོག་ཐོག་བཏང་ཡོད་པ་བྱང་ཀོ་རི་ཡས་གསལ་བསྒྲགས་བྱས་ཡོད་པ་དང་། བྱང་ཀོ་རི་ཡའི་བྱ་སྤྱོད་དེར་ཨ་རི་དང་ལྷོ་ཀོ་རི་ཡས་བློ་འཚབ་ཡོད་སྐོར་གསུང་ཡོད། བྱང་ཀོ་རི་ཡའི་དམག་མིའི་ཁྲིམས་ཁང་གིས་ཁྲིམས་བཤེར་བྱས་ཏེ་ཁོ་པས་ངན་བྱུས་སྣ་ཚོགས་ཀྱི་ལམ་ནས་གཞུང་མགོ་རྟིང་སློག་རྩིས་དང་། ཚུལ་མིན་བྱ་སྤྱོད་སྣ་ཚོགས་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་མ་ཐག་ཁོ་པ་སྲོག་ཐོག་བཏང་ཡོད་པ་དང་། Jang Song-Thaeka་ ནི་ཀུ་ར་ཡ་བྱང་མའི་རྒྱལ་སྲུང་ལྷན་ཁང་གི་འགན་འཛིན་གཞོན་པ་དང་།Kim Jong-Un ཡི་ཨ་ནིའི་བཟའ་ཟླ་ཡིན་པའི་ཆ་ནས་ཡུལ་དེའི་འགོ་ཁྲིད་གཉིས་པ་ལྟ་བུའི་དབང་ཆ་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་པ་རེད།  Kim Jong-Un ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱི་འགན་འཁུར་བའི་་སྐབས་ ཁོང་ལ་ཆབ་སྲིད་ཀྱི་ཉམས་མྱོང་མེད་སྟབས་ ཁོང་གི་ཨ་ནིའི་བཟའ་ཟླ་Jang Song-Thaekaཡིས་རྒྱལ་དོན་ཚང་མའི་ཐོག་སློབ་སྟོན་བྱེད་མཁན་གཙོ་བོ་དེ་ཆགས་ཡོད་པ་དང་།  བྱང་ཀོ་རི་ཡའི་དཔལ་འབྱོར་ཉམ་རྒུད་དང་། དབུལ་ཕོངས་མང་དུ་ཕྱིན་པ་དེ་ནི་ཁོ་པས་སློབ་སྟོན་ལོག་པ་ཕུལ་བའི་མཇུག་འབྲས་ཡིན་པའི་སྐྱོན་བརྗོད་ཀྱང་བྱུང་ཡོད་པ་རེད།   ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་Marie Harf ལགས་ཀྱིས། གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་ཚེ་དེ་ནི་བྱང་ཀོ་རི་ཡ་མི་གཅིག་དབང་འཛིན་གྱི་གདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་ཡིན་པའི་དཔེ་མཚོན་གསལ་པོ་ཞིག་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་དང་།  དེ་བཞིན་ལྷོ་ཀོ་རི་ཡས་ཀྱང་བྱང་ཀོ་རི་ཡའི་དམག་མིའི་ཁྲིམས་ཁང་གིས་ཁྲིམས་བཤེར་འཁྱུགས་ཙམ་ལས་མ་བྱས་པར་སྲོག་ཁྲིམས་བཅད་པ་དེར་བློ་འཚབ་ཆེན་པོ་ཡོད་ཅེས་སྐྱོན་བརྗོད་གནང་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎