ཀོང་རེ་སི་ཆབ་སྲིད་ཚོཊ་པར་རྒྱལ་ཁ་ཐོབ་པ།


2013-12-03
Share
བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུ་ལས་ཁང་། བལ་ཡུལ་གྱིས་རྒྱལ་ཡོངས་འོས་བསྡུ་ཆེན་མོ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཐུབ་བསྟན་སངས་རྒྱས།

བལ་ཡུལ་གྱི་སྲིད་དོན་ཚོགས་པ་རྙིང་ཤོས་ཀོང་རེ་སི་ཆབ་སྲིད་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་འདུག

རྒྱལ་ཁ་དེ་རྒྱལ་ཡོངས་འོས་བསྡུའི་སྐབས་རྩ་ཁྲིམས་ཟིན་བྲིས་གྲོས་ཚོགས་ཀྱི་ནང་འཐུས་མི་མང་ཤོས་ཐོབ་པ་བྱུང་ཡོད་འདུག། འོན་ཀྱང་ཚོགས་པ་གཅིག་གིས་གཞུང་འཛིན་བྱ་རྒྱུར་དགོས་ངེས་ཀྱི་མང་མོས་ཐོབ་མེད་པར་བརྟེན་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་དཀའ་རྙོག་མུ་མཐུད་གནས་རྒྱུར་སྲིད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལ་ཡུལ་གྱི་རྩ་ཁྲིམས་གྲོས་ཚོགས་ནང་ཁྱོན་བསྡོམས་འཐུས་མི་ ༦༠༡ འདེམས་ཐོན་བྱུང་ཡོད་པ་ནས་བལ་ཡུལ་ཀོང་རེསི་ཚོགས་པར་འཐུས་མི་ ༡༩༦ དང་། བལ་ཡུལ་གྱི་མར་ཁེ་སི་ལེ་ནིན་གཅིག་བསྒྲིལ་ཚོགས་པའམ་དམར་ཤོག་ཚོགས་པར་འཐུས་མི་ ༡༧༥ ཐོབ་པ་དང་། མའོ་དམར་ཤོག་ཚོགས་པར་འཐུས་མི་ ༨༠ ལས་ཐོབ་མེད་པ་བལ་ཡུལ་གྱི་དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་འདུག།

བལ་ཡུལ་གྱི་ཀོང་རེསི་ཚོགས་པ་དང་མ་ཀེ་སི་ལེ་ནིན་ཚོགས་པ་གཉིས་བཟུང་འབྲེལ་གྱི་ཐོག་ནས་གཞུང་འཛིན་སྐྱོང་ཐུབ་ཐབས་མེད་ཅིང་། ཚོགས་པ་དེ་གཉིས་ཀས་ཚོགས་པ་གཞན་དང་མཉམ་འབྲེལ་གྱི་ཐོག་ནས་མནའ་འབྲེལ་གཞུང་འཛུགས་ཐབས་བྱེད་བཞིན་ཡོད་པ་རེད།    བལ་ཡུལ་གྱི་གཞུང་གསར་པ་ཞིག་འཛུགས་རྒྱུར་ད་དུང་གཟའ་འཁོར་འགའ་ཤས་འགོར་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་།  བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་བ་Khilraj  Regmi་ཡིས་བལ་ཡུལ་བར་བརྒལ་གཞུང་གི་སྣེ་འཁྲིད་མུ་མཐུད་གནང་རྒྱུ་ཡིན་འདུག

གསར་འགོད་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎