མི་མང་གིས་༧གོང་ས་མཆོག་དང་མཇལ་འཕྲད་དགོས་པའི་བསམ་ཚུལ་བཏོན་པ།

2014-04-24
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས། ༡༩༨༩
༧གོང་ས་མཆོག་གིས་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས། ༡༩༨༩
པར། དྲ་བཤུས།

ཁ་སྐོང་གསར་འགྱུར་2014/4/24 ནོར་ཝེ་གཞུང་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་པ་ནོར་ཝེ་མི་མང་བརྒྱ་ཆ་དྲུག་ཅུ་ལྷག་གིས་བསམ་ཚུལ་བཏོན་ཡོད་འདུག
དེ་ཡང་༧གོང་ས་མཆོག་རིང་མིན་ཕྱི་ཟླ་ལྔ་པའི་ཚེས་༧ཉིན་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་མཁན་ཚོགས་པས་གདན་ཞུ་གནང་བ་བཞིན། ༧གོང་ས་མཆོག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཉི་ཤུ་ཙ་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཡོ་རོབ་བྱང་མའི་ཡུལ་གྲུ་ནོར་ཝེ་ལ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཀྱི་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེ་ནང་ཆིབས་བསྒྱུར་བསྐྱངས་རིང་། ནོར་ཝེ་གཞུང་གི་དཔོན་རིགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་མིན་གྱི་གནད་དོན་ཐོག་ནོར་ཝེ་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་བྱུང་བཞིན་ཡོད་ཅིང་། ནོར་ཝེ་ཕྱི་སྲིད་བློན་ཆེན་Boerge brende ཡིས་གཟའ་འཁོར་འདིའི་ནང་ནོར་ཝེ་གྲོས་ཚོགས་སུ་གཏམ་བཤད་སྤེལ་བའི་སྐབས། ནོར་ཝེ་གཞུང་གི་དཔོན་རིགས་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་ཚེ་ནོར་ཝེ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་བས་རྙོག་འཛིང་ཅན་དུ་འགྱུར་རྒྱུ་ཡིན་ལུགས་གསུངས་ཡོད།
དེའི་ཐོག་ནོར་ཝེ་གྲོས་ཚོགས་ཀྱི་ཚོགས་གཙོ་Olemic Thommessen གྱིས་༧གོང་ས་༧སྐྱབས་མགོན ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་པ་ཕྱིར་བསྒྲགས་གནང་ཡོད་འདུག ཡིན་ནའི་ནོར་ཝེ་ནང་སྙན་གྲགས་ཆེ་བའི་ཉིན་རེའི་ཚགས་ཤོག་Aftenpostenཞེས་པའི་རྩོམ་བྲིས་འགན་འཛིན་Harald Stanghelle ཡིས་ཚགས་ཤོག་ཐོག་ནོར་བེལ་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་གཞུང་གི་དཔོན་རིགས་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་ཤུགས་ཆེ་བརྗོད་ཀྱི་ཡོད་ཀྱང་དོན་དངོས་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུ་སྟངས་ཐོག་ནས་སྐད་ཆ་སྙིང་རྗེ་པོ་དེ་ཚོ་ཚང་མ་སྟོང་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་མ་ཟད།  ནོར་ཝེ་མི་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པའི་སྐབས། མི་མང་བརྒྱ་ཆ་དྲུག་ཅུ་ལྷག་གིས་ནོར་ཝེ་གཞུང་གི་དཔོན་རིགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་དགོས་པའི་བསམ་ཚུལ་བཏོན་ཡོད་པ་དང་། གྲོས་ཚོགས་ཀྱི་ཚོགས་གཙོར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ཉི་ཤུ་ཙམ་ལས་བྱུང་མེད་པ་རེད།  
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ལྔ་པའི་ཟླ་འགོ་ནས་བཟུང་ཡོ་རོབ་ཀྱི་ཡུལ་གྲུ་ལཏ་ཝི་ཡ་དང་། ནོར་ཝེ། ནེ་ཐར་ལེནཌ་དང་ཇར་མེ་ནི་བཅས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་འཆི་མེད།

2014-04-23

རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཐོག་འཛིན་པའི་ལངས་ཕྱོགས་གསལ་པོ་དང་བརྟན་པོ། དེ་བཞིན་འགྱུར་བ་མེད་ཅེས་བརྗོད་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རིང་མིན་སྤྱི་ཟླ་༥པའི་ནང་ནོར་ཝེ་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱངས་རྒྱུའི་འཛད་འཆར་ཡོད་པའི་ཐད། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Qing Gangཡིས་གསར་འགོད་ལྷན་ཚོགས་ཐོག ཏཱ་ལའི་བླ་མར་སྡིངས་ཆ་འབུལ་མཁན་གྱི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱ་ནག་གིས་དེར་སྐྱོན་བརྗོད་ཡོད་ཅེས་དང། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཐོག་འཛིན་པའི་ལངས་ཕྱོགས་གསལ་པོ་དང་བརྟན་པོ། དེ་བཞིན་འགྱུར་བ་མེད་ཅེས་བརྗོད་པ་དང་། ད་དུང་༧གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཞིག་ཡིན་ཚེ་འཛམ་གླིང་གི་ཕྱོགས་གང་སར་མ་ཕེབས་པར། གཙུག་ལག་ཁང་ནང་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་དགོས་ཀྱི་རེད་ཅེས་བརྗོད་འདུག
མཛད་འཆར་ལྟར་ན། ནོར་ཝེ་རྒྱལ་ས་Oslo ནང་གི་སྤྱི་དམངས་ཚོགས་པ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མའི་ཚེས་༧ནས་༩བར་ནོར་ཝེ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ། གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་༢༥འཁོར་བའི་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོ་གནང་རྒྱུ་དང་། རིམ་པས་༧གོང་ས་མཆོག་གིས་ནོར་ཝེའི་ནང་ནོ་བེལ་ཞི་བདེའི་ཚོགས་ཆུང་གི་དབུ་འཛིན་Thorbjoern Jagland དང། ཡུ་རོབ་ལྷན་ཚོགས་ཀྱི་དབུ་འཁྲིད་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། ཁུལ་དེའི་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་དང་། ༧གོང་ས་མཆོག་ཁུལ་དེར་གདན་ཞུ་གནང་མཁན་ནོ་བེལ་ཞི་བདེའི་ཚོགས་ཆུང་ལ་ནོར་ཝེ་གཞུང་གིས་གནོན་ཤུགས་སྤྲོད་རྒྱུའི་དབང་ཚད་མེད་ལུགས་གསུངས་ཡོད་ནའང། རྒྱ་ནག་གིས་ནོར་ཝེ་རྒྱལ་ཁབ་ཀྱི་དཔོན་རིགས་དང་མཇལ་འཕྲད་ཕྱིར་འཐེན་བྱས་པ་མ་ཚད། རྒྱ་ནག་ཏུ་ཕེབས་མཁན་ནོར་ཝེ་ཡི་ཕྱི་འབྲེལ་མི་སྣ་ཚོར་ཐོང་མཆན་Visaཀྱང་ཕུལ་མེད་པ་རེད།
༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་སྐབས་ནོར་ཝེ་གྲོས་ཚོགས་ནང་ཕེབས་ཀྱི་ཡོད་པ་དང། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོིགས་མི་ཐེ་པའི་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།