རྒྱ་ནག་གི་སོ་མྱུལ་རྒྱ་བསྐྱེད་ལ་ཁ་གཏད་གཅོག་རྒྱུ།

2014-04-21
གློག་འཕྲིན།
མཆན།
Share
པར་བཀོད།
Sydneyགཙུག་ལག་སློབ་ཆེན། ༢༠༠༧
Sydneyགཙུག་ལག་སློབ་ཆེན། ༢༠༠༧
པར། AFP

རྒྱ་ནག་གཞུང་གིས་ཨོ་སུ་ཁྲི་ལེ་ཡའི་ནང་སོ་མྱུལ་རྒྱ་བསྐྱེད་བྱེད་མུས་ལ་ཁ་གཏད་གཅོག་རྒྱུའི་ཆེད་གསང་བའི་ནུས་སྟོབས་ཤུཊ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
དེ་ཡང་ཚེས༢༡ཉིན་The Sydney Morning Heraldཞེས་ཨོ་སུ་ཁྲི་ལེ་ཡའི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་གི་གསང་བའི་ལས་དོན་གྱི་དཔོན་རིགས་ཚོས་རྒྱ་ནག་གཞུང་གི་ཁེ་ཕན་གཙོ་གནས་ཁག་སྲུང་སྐྱོབ་བྱ་རྒྱུའི་སླད་དུ། ཨོ་སུ་ཁྲི་ལེ་ཡའི་ནང་གི་རྒྱ་རིགས་སྤྱི་ཚོཊ་ཐོག་རྟོག་ཞིབ་བྱེད་མཁན་དང་། གསང་བརྡ་སྐྱེལ་མཁན་གྱི་དྲ་གནས་གསར་འཛུཊ་བྱེད་ཀྱི་ཡོད་སྐོར་Fairfax Mediaཞེས་པའི་གསར་ལས་ཁང་གིས་ཤེས་རྟོགས་བྱུང་བ་དང་། ད་དུང་རྒྱ་ནག་གཞུང་ལ་གསང་བརྡ་སྐྱེལ་མཁན་ཚོས་གཙོ་བོ་ཨོ་སུ་ཁྲི་ལེ་ཡའི་ནང་གི་Melbourneགཙུག་ལག་སློབ་ཆེན་དང་། Sydneyགཙུག་ལག་སློབ་ཆེན་ཐེ་བའི་གཙུག་ལག་སློབ་གྲ་ཆེན་མོ་ཁག་གི་ནང་རྟོག་ཞིབ་བྱེད་ཀྱི་ཡོད་པ་དང༌། ཨོ་སུ་ཁྲི་ལེ་ཡའི་གཙུག་ལག་སློབ་གྲ་ཆེན་མོ་ཁག་གི་ནང་རྒྱ་ནག་སྐམ་ས་ནས་ཡོང་བའི་སློབ་ཕྲུག་ཁྲི་དགུ་ལྷག་གིས་སློབ་སྦྱོང་བྱེད་ཀྱི་ཡོད་འདུག ཨོ་སུ་ཁྲི་ལེ་ཡའི་གཙུག་ལག་སློབ་གྲ་ཆེན་མོ་ཞིག་གི་སློབ་དཔོན་མཐོ་གྲས་ཤིག་གིས། ཁོང་རྒྱ་ནག་ནང་ཕེབས་སྐབས་རྒྱ་ནག་གཞུང་གི་གསང་བའི་མི་སྣས་ཁོང་ལ་དེ་སྔོན་New South Wales གཙུག་ལག་སློབ་གྲ་ཆེན་མོའི་ནང་མང་གཙོའི་སྐོར་གྱི་བགྲོ་གླེང་ཚོཊ་འདུའི་སྐབས་གནང་བའི་གཏམ་བཤད་སྐོར་ལ་འདྲི་རྩད་ཐེངས་བཞི་བྱས་བ་མ་ཟད། རྒྱ་གཞུང་གི་གསང་བའི་མི་སྣས་དེའི་སྐོར་སྙན་ཐོ་ཞིག་ཀྱང་བཏོན་འདུག རྒྱ་གཞུང་ལ་སྙན་ཐོ་བཏོན་མཁན་གྱི་རྒྱ་རིགས་བེུད་དེ་སུ་ཡིན་ཁོང་གིས་ཤེས་ཀྱི་ཡོད་ལུཊ་ཀྱང་གསུངས་འདུག ཨོ་སུ་ཁྲི་ལེ་ཡའི་མཐོ་སློབ་ནང་སློབ་སྦྱོང་བྱེད་མཁན་རྒྱ་རིགས་སློབ་བུ་ཞིག་གིས་ཡུལ་དེའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བའི་གནས་ཚུལ་སྐོར་རྒྱ་ནག་གཞུང་ལ་འབྱོར་རྗེས་རྒྱ་ནག་གཞུང་གི་གསང་བའི་མི་སྣས་རྒྱ་ནག་ནང་ཡོད་པའི་སློབ་ཕྲུག་དེའི་ཕ་མར་བུ་ཡི་བྱ་སྤྱོད་དེ་དག་བཀག་སྡོམ་བྱེད་དགོས་སྐོར་བཙན་བཀའ་བཏང་ཡོད་འདུག

གསར་འགོད་པ་བསོད་ནམ་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།