ཨ་རིས་སོག་པོ་དང་དམག་དོན་མཐུན་འབྲེལ་གཞི་རྒྱ་ཆེ་རུ་གཏོང་རྒྱུ།

2014-04-10
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་དམག་དོན་ལས་ཁང་གི་དྲུང་ཆེ་Chuck Hegal དང་། སོག་པོའི་བདེ་སྲུང་བློན་ཆེནBat-Erdeneརྣམ་གཉིས་སོགས་པོའི་རྒྱལ་སར། ༢༠༡༤།༤།༡༠
ཨ་རིའི་དམག་དོན་ལས་ཁང་གི་དྲུང་ཆེ་Chuck Hegal དང་། སོག་པོའི་བདེ་སྲུང་བློན་ཆེནBat-Erdeneརྣམ་གཉིས་སོགས་པོའི་རྒྱལ་སར། ༢༠༡༤།༤།༡༠
པར། AFP

ཨ་མི་རི་ཀས་རྒྱ་ནག་གི་ཁྱིམ་མཚེས་སོག་པོ་དང་ལྷན་དམག་དོན་མཐུན་འབྲེལ་གཞི་རྒྱ་ཆེ་རུ་གཏོང་རྒྱུར་མོས་མཐུན་གནང་ཡོད་འདུག
དེ་ཡང་ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་Chuck Hagelལགས་ཀྱིས། རྒྱ་ནག་གི་ཁྱིམ་མཚེས་སོག་པོ་དང་ལྷན་དུ་དམག་དོན་མཐུན་འབྲེལ་གཞི་རྒྱ་ཆེ་རུ་གཏོང་རྒྱུར་མོས་མཐུན་གནང་ཡོད་པ་དང་། དེ་ནི་ཨ་མི་རི་ཀས་རྒྱ་ནག་དང་ར་ཤི་ཡའི་མངའ་ཁུལ་གྱི་སྟོབས་ཤུགས་དོ་མཉམ་བཟོ་ཐབས་ཆེད་ཡིན་པར་དམག་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་པ་རེད། དེ་ཡང་ཨ་རིའི་དམག་དོན་ལས་ཁང་གི་དྲུང་ཆེ་Chuck Hegalདང་། སོག་པོའི་བདེ་སྲུང་བློན་ཆེནBat-Erdene རྣམ་གཉིས་ཀྱིས་ཚེས༡༠ཉིན་སོག་པོའི་རྒྱལ་ས་Ulan Batorནང་ཡུལ་གྲུ་གཉིས་དབར་དམག་སྦྱོང་སོགས་དམག་དོན་མཉམ་ལས་གནང་རྒྱུའི་ལས་གཞི་ཁག་རྒྱ་ཆེ་རུ་གཏོང་རྒྱུ་དང་། དེ་བཞིན་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་རྒྱུའི་གྲོས་མཐུན་ཞིག་ལ་ས་རྟག་བཀོད་གནང་ཡོད་པ་དང་། མཐུན་གྲོས་དེ་ནི་མཚོན་དོན་ཙམ་ཡིན་ཀྱང་དེས་རྒྱ་ནག་ཁོང་ཁྲོ་ལངས་སྲིད་པ་ཞིག་རེད། ཨ་མི་རི་ཀས་ཨེ་ཤེ་ཡའི་ཡུལ་གྲུ་ཆུང་ཁག་དང་ལྷན་དུ་དམག་དོན་མཐུན་འབྲེལ་རྒྱ་བསྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གིས་སྐྱོན་བརྗོད་དེ་སྡ་ནས་བྱེད་བཞིན་པ་རེད། ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་Chuck Hagelལགས་ཀྱིས་ཨ་རི་དང་སོག་པོའི་བདེ་སྲུང་མཐུན་འབྲེལ་དེ་བཞིན་ཨ་རིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་བདེ་སྲུང་དོ་མཉམ་བཟོ་ཐབས་སུ་མེད་དུ་མི་རུང་བ་ཞིག་རེད་ཅེས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་སར་གསུངས་འདུག འོན་ཀྱང་སོག་པོའི་བདེ་སྲུང་བློན་ཆེན་Bat Eerdene ལགས་ཀྱིས་སོག་པོའི་ཁྲིམས་ནང་ཕྱི་རྒྱལ་གྱི་དམག་མིའི་བསྟི་གནས་སོག་ཡུལ་ནང་བཅའ་སྡོད་མི་ཆོག་པ་འཁོད་ཡོད་ལུགས་ལུང་འདྲེན་གནང་སྟེ་ སོག་ཡུལ་ནང་ཨ་རིའི་དམག་མིའི་བསྟི་གནས་འཛུཊ་རྒྱུ་མིན་པའི་སྔོན་བརྡ་བཏང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

དྲ་གནས་ཆ་ཚང༌།