ཐེའི་ལེནྜ་ཡི་དབུ་བླ་སྐུ་གཤེགས་པ།

2013-10-26
གློག་འཕྲིན།
མཆན།
Share
པར་བཀོད།
ཐཡེ་ལེནཌ་ཡུལ་གྱི་ཆེས་མཐོའི་ནང་པའི་དགེ་འདུན་ལྷན་ཚོགས་ཀྱི་དབུ་བླ་༧སྐྱབས་མགོན་ སོམ་ཌེཏ་ ཕྷརཱ  ན་ཡན་ས་ཝ་ར་མཆོག
ཐཡེ་ལེནཌ་ཡུལ་གྱི་ཆེས་མཐོའི་ནང་པའི་དགེ་འདུན་ལྷན་ཚོགས་ཀྱི་དབུ་བླ་༧སྐྱབས་མགོན་ སོམ་ཌེཏ་ ཕྷརཱ ན་ཡན་ས་ཝ་ར་མཆོག
ཨེ་ཨེཕ་པི།

༄༅༎ཐཡེ་ལེནཌ་ཡུལ་གྱི་ཆེས་མཐོའི་ནང་པའི་དགེ་འདུན་ལྷན་ཚོགས་ཀྱི་དབུ་བླ་༧སྐྱབས་མགོན་ Somdet Phra Nyanasamvara  སྐུ་ཚེ་མ་ཟིན་པའི་གནས་ཚུལ་གསན་མ་ཐག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐཡེ་ལེནཌ་གྱི་ནང་པ་དང་གཞན་ཡང་འཛམ་གླིང་ནང་ཁོང་གི་རྗེས་འབྲང་པ་ཚོར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་གནང་མཛད་འདུག།
གསུང་འཕྲིན་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐྱབས་མགོན་སོམ་ཌེཏ་ ཕྷརཱ  ན་ཡན་ས་ཝ་ར་མཆོག་དགུང་གྲངས་བརྒྱར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཏེ་རིང་པོར་མ་སོང་བའི་རྗེས་ཁོང་གི་སྐུ་ཚེའི་ཕན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་སྐབས་ངོས་རང་ཧ་ཅང་གི་བློ་ཕམ་བྱུང་ཞེས་དང་། དབུ་བླ་དམ་པ་ཁོང་ལོ་ཤས་སྔོན་ངོ་མཇལ་སྐབས་དམ་པ་ཁོང་གིས་ཆོས་ཕྱོགས་ཀྱི་མཛད་འགན་རྣམས་ཧུར་བསྐྱེད་བསྐྱངས་པ་དེར་གུས་བརྩི་ཆེན་པོས་བསྔགས་བརྗོད་ཞུ་རྒྱུའི་གོ་སྐབས་བྱུང་། ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་དོན་དང་ལྡན་པའི་ཐོག་ནས་འགྲོ་བ་མིའི་བདེ་དོན་ཆེད་ཕྱག་ལས་གནང་ཡོད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་གསུང་འཕྲིན་དེའི་ནང་། དམ་པ་ཁོང་ལ་ང་ཚོས་གུས་འདུད་དང་ཆེ་བསྟོད་ཞུ་རྒྱུའི་ལམ་བཟང་ཤོས་ནི་ཁོང་གིས་གནང་པ་ལྟར་ཞི་བདེ་དང་ཤེས་རབ་གོང་འཕེལ་གཏོང་ཐབས་བྱ་རྒྱུ་དེ་རེད་ཅེས་དང་།  ཐཡེ་ལེནཌའི་མི་མང་ཚོར་གདུང་སེམས་མཉམ་བསྐྱེད་དང་དམ་པ་ཁོང་ལ་རྗེས་དྲན་ཞུ་ཆེད་རིང་མིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཐཡེ་ལེནཌ་དུ་ཆེད་གཏོང་གནང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།