རྙེད་སོན་བྱུང་བའི་ནང་བའི་གནའ་རྫས་རྙིང་ཤོས།

2013-11-26
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་གྱི་ནང་བའི་གནས་ཆེན་ལུམ་བི་ཚལ།
བལ་ཡུལ་གྱི་ནང་བའི་གནས་ཆེན་ལུམ་བི་ཚལ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ་བཀྲ་ཤིས།

ལུམ་བི་ཚལ་ནས་ཤིང་ལས་གྲུབ་པའི་སྣང་བརྙན་ཞིག་རྙེད་སོན་བྱུང་ཡོད་པ་དང་། དེ་ནི་ད་བར་རྙེད་སོན་བྱུང་བའི་གནའ་རྫས་རྙིང་ཤོས་ཡིན་འདུག

དེ་ཡང་དབྱིན་ཇིའི་ Durhamམཐོ་རིམ་སློབ་གྲྭའི་གནའ་རྫས་རྟོག་ཞིབ་པ་ Kosh Prasad Acharya ཡིས་སྣེ་འཁྲིད་གནང་པའི་གནའ་རྫས་རྟོག་ཞིབ་པའི་རུ་ཁག་ལ་རྒྱུ་ཆ་ཤིང་ལས་གྲུབ་པའི་སྣང་བརྙན་ཞིག་ལུམ་བི་ཚལ་དུ་ཡོད་པའི་སྟོན་པའི་ཡུམ་སྒྱུ་མ་ལྷ་མཛེས་་ཀྱི་ལྷ་ཁང་གི་ནང་ནས་བརྙེད་སོན་བྱུང་བ་ཕྱི་བསྒྲགས་བྱས་ཡོད་པ་དང་། དངོས་རྫས་དེ་ཕྱི་ལོ་མ་བྱུང་སྔོན་གྱི་དུས་རབས་དྲུག་པའི་ནང་གི་དངོས་རྫས་ཤིག་ཡིན་པར་ཡིད་ཆེས་གནང་བཞིན་ཡོད་འདུག ཤིང་བརྐོས་ཀྱི་སྣང་བརྙན་འདི་བརྙེད་སོན་མ་བྱུང་སྔོན་གྱི་ནང་པའི་སྣང་བརྙན་རྙིང་ཤོས་བརྙེད་སོན་བྱུང་བ་དེ་ནི་ཕྱི་ལོ་མ་བྱུང་སྔོན་གྱི་དུས་རབས་གསུམ་པའི་ནང་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་ནང་ཆོས་ཀྱི་ཀ་བ་ཞིག་ཡིན་འདུག

Durham མཐོ་རིམ་སློབ་གྲྭའི་གནའ་རྫས་རྟོག་ཞིབ་ཚན་པས་འདས་པའི་ལོ་བཞིའི་རིང་སྟོན་པ་འཁྲུངས་ཡུལ་གྱི་ལུམ་བི་ནིའི་གནས་ཀྱི་ས་ཁུལ་ནང་ཞིབ་འཇུག་གི་ལས་དོན་སྤེལ་འདུག་ཅིང་། ཁོང་ཚོར་བརྙེད་སོན་བྱུང་བའི་ཤིང་བརྐོས་ཀྱི་སྣང་བརྙན་དེར་ཚན་རིག་གི་བརྟག་དཔྱད་ཁང་ནང་དཔྱད་པ་ཞིབ་ནན་བྱས་མཐར་གནའ་རྫས་དེ་ཕྱི་ལོ་མ་བྱུང་སྔོན་གྱི་དུས་རབས་དྲུག་པའི་ནང་བྱུང་ཡོད་པ་ར་འཕྲོད་བྱུང་ཡོད་འདུག། སྤྱིར་བཏང་སྟོན་པའི་འཁྲུངས་ལོ་ངོ་མ་ཇི་ཡིན་ཐད་བཞེད་པ་མི་མཐུན་པ་ཡོད་ཅིང་། རྙེད་སོན་བྱུང་བའི་གནའ་རྫས་སོགས་ལས་ཡོངས་གྲགས་སུ་སྟོན་པ་འཇིག་རྟེན་དུ་བྱོན་སྟེ་མི་ལོ་ཉི་སྟོང་དྲུག་བརྒྱ་ཙམ་སོང་བར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།