རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བའི་ཐོག་ནས་བོད་དོན་གླེང་བ།


2019.01.10
རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བའི་ཐོག་ནས་བོད་དོན་གླེང་བ། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་(གཡོན།)དང་བོད་དང་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་(གཡས།)
Photo: RFA

ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ལོ་༢༠༡༩ལོ་འདི་ཤར་བའི་སྐབས་དེར་རྒྱ་ནག་གི་སྲིད་འཛིན་ནས་ཐེ་ཝན་དང་གཅིག་གྱུར་བྱ་རྒྱུའི་ཐད་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྐོར་གླེང་ཡོད་པས།    ཐེ་ཝན་གྱི་སྲིད་འཛིན་ནས་ཁས་ལེན་བྱ་རྒྱུ་མིན་པ་ཁ་གསལ་བརྗོད་ཡོད།     བོད་ལ་དེ་སྔ་ལོ་རབས་ལྔ་བཅུའི་ནང་དོན་ཚན་བཅུ་བདུན་ཟེར་བའི་ཐོག་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལྟ་བུའི་སྲིད་ཇུས་གཏན་འབེབས་བྱས་ན་ཡང་ལག་བསྟར་བྱས་མེད་པའི་ཐོག་ནས་ད་ཆ་ཐེ་ཝན་ཕྱོགས་ཀྱིས་རྒྱ་ནག་ལ་ཡིད་ཆེས་ཐོབ་ཀྱི་མེད་པའི་རྒྱ་ནག་དང་ཐེ་ཝན།  བོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎