ཐེ་ཝན་སློབ་ཕྲུག་གི་གྲོས་ཚོཊ་ནང་གི་ལས་འགུལ་མཚམས་འཇོག


2014.04.08
ཐེ་ཝན་གྱི་སློབ་ཕྲུག་ཚོས་ཡུལ་དེའི་གྲོས་ཚོཊ་ཁང་གི་ནང་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། ༢༠༡༢།༣།༡༩ ཐེ་ཝན་གྱི་སློབ་ཕྲུག་ཚོས་ཡུལ་དེའི་གྲོས་ཚོཊ་ཁང་གི་ནང་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། ༢༠༡༢།༣།༡༩
པར། AFP

ཐེ་ཝན་གྱི་སློབ་ཕྲུག་ངོ་རྒོལ་བྱེད་མཁན་རྣམས་གྲོས་ཚོཊ་ཁང་ནས་ཕྱིར་ཐོན་གནང་ནས་ངོ་རྒོལ་ལས་འགུལ་མཚམས་འཇོག་གནང་རྒྱུ་ཡིན་པ་རེད།          
དེ་ཡང་ངོ་རྒོལ་གྱི་ལས་འགུལ་དེ་འགོ་འཁྲིད་མཁན་སློབ་ཕྲུག Chen Wei-ting  ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ང་ཚོ་སློབ་ཕྲུག་ལས་འགུལ་བ་རྣམས་་ཐེ་ཝན་གྱི་གྲོས་ཚོགས་ནས་རེས་གཟའ་ཕུར་བུ་ཚེས་༡༠ཉིན་གྱི་དགོང་དྲོའི་ཆུ་ཚོད་༦ པའི་ཐོག་ཕྱིར་ཐོན་བྱེད་ཀྱི་ཡིན། ང་ཚོའི་མཛའ་གྲོགས་རྣམས་ང་ཚོ་བསུ་བར་གྲོས་ཚོགས་ཀྱི་ཕྱིར་ཕེབས་ན་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུང་འདུག ད་ཐེངས་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་གནང་དགོས་དོན་ནི་རེས་གཟའ་ཉི་མ་ཉིན་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Wang Jin-pyngཡིས། ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་རྣམས་དང་མཇལ་འཕྲད་གནང་ནས་མ་འོངས་པར་གྲོས་ཚོགས་ནང་རྒྱ་ནག་དང་གྲོས་མཐུན་ཇི་བཞག་དེ་རྟོག་ཞིབ་བྱེད་ཆོག་པའི་ཁྲིམས་གཞི་མེད་པར་བགྲོ་གླེང་གནང་རྒྱུ་མིན་པའི་ཁས་ལེན་གནང་རྗེས་ད་ཐེངས་ཀྱི་ཐེ་ཝན་གྱི་སློབ་ཕྲུག་གི་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད། ཐེ་ཝན་གྱི་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་དེ་འགོ་འཁྲིད་མཁན་ཁྲིན་ཝེ་ཏེན་གྱིས་ད་ཐེངས་ཀྱི་སློབ་ཕྲུག་གི་ངོ་རྒོལ་གྱི་ལས་འགུལ་དེས་སྲིད་འཛིན་མ་དབྱིན་ཇོ་ཡི་གུང་མིན་ཏང་གི་གཞུང་དང་རྒྱ་ནག་གུང་ཁྲན་ཏང་གི་གཞུང་བར་གསང་བའི་ཐོག་གྲོས་མཐུན་ཞིག་འཇོག་རྒྱུར་བཀག་འགོག་བྱེད་ཐུབ་པ་བྱུང་སྐོར་གསུང་འདུག            ཡིན་ནའང་སྲིད་འཛིན་མ་དབྱིན་ཇོ་ཡིས་གོང་ཞུས་ཀྱི་རྒྱ་ནག་དང་བཞག་གནང་བའི་ཞབས་ཞུའི་ཚན་པ་ཁག་གི་ཚོང་དོན་གྱི་གྲོས་མཐུན་དེ་ཕྱིར་འཐེན་གནང་རྒྱུ་མིན་སྐོར་གསུང་གི་ཡོད་པ་རེད།   

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎