བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བར་དོ་ཐོས་གྲོལ་གྱི་གླུ་དབྱངས་འོད་སྡེར།

2020.12.01
བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བར་དོ་ཐོས་གྲོལ་གྱི་གླུ་དབྱངས་འོད་སྡེར། བར་དོ་ཐོས་གྲོལ་རོལ་དབྱངས་ཨ་རིའི་གྷརེམི་བྱ་དགའི་འོས་གཞིར་ཚུད་པ།
Tenzin Choegyal/FB

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མི་གནའ་དེང་ཟུང་སྦྲེལ་གྱི་སྒྱུ་རྩལ་བ་ཨོས་ཀྲེ་ལི་ཡར་གནས་བཞུགས་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་འདོན་སྤེལ་གནང་བའི་བར་དོ་ཐོས་གྲོལ་རོལ་དབྱངས་ལ་ཨ་མི་རི་ཀའི་རོལ་དབྱངས་ཀྱི་བྱ་དགའ་མཚན་སྙན་ཆེ་ཤོས་ Grammy (གྷརེམི་) འོས་གཞིའི་ཁོངས་སུ་འདེམས་སྒྲུག་བྱུང་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཁོང་དང་ལྷན་སྐད་འཁོར་བཟོ་སྐྲུན་གྱི་བརྒྱུད་རིམ་སྐོར་དང་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་བོད་དོན་འཐབ་རྩོད་དང་བོད་མིའི་ངོ་བོ་ལྡན་པའི་རིག་གཞུང་ངོ་སྤྲོད་ཞུ་རྒྱུར་ཞབས་འདེགས་ཇི་སྒྲུབ་བཅས་ཀྱི་ཐད་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎