ཨཧྥ་རི་ཀའི་གླིང་ཕྲན་ནང་བོད་བརྒྱུད་ནང་ཆོས་ལ་དོ་སྣང༌།

2019-10-05
གློག་འཕྲིན།
མཆན།
Share
པར་བཀོད།
ཨཧྥ་རི་ཀའི་གླིང་ཕྲན་གྱི་དཀྱིལ་དབུས་ཡུལ་ལུང་ཀོང་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ནང་ནང་ཆོས་ལ་དོ་སྣང་ཞིག་གསར་དུ་བརྙེས་ཡོད་པ།
ཨཧྥ་རི་ཀའི་གླིང་ཕྲན་གྱི་དཀྱིལ་དབུས་ཡུལ་ལུང་ཀོང་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ནང་ནང་ཆོས་ལ་དོ་སྣང་ཞིག་གསར་དུ་བརྙེས་ཡོད་པ།
ཧྥརེཎ་སིས་ཀབ་ཝེ།

༄༅།།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་ཆེན་རྣམ་པས་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་བརྟེན། འཛམ་གླིང་སྤྱི་དང་ལྷག་པར་ཨ་རི་དང་ཡོ་རོབ་སོགས་ཤར་ནུབ་ཀྱི་ཡར་ཐོན་ཡུལ་གྲུ་ཁག་ཏུ་བོད་བརྒྱུད་ནང་ཆོས་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། ཨཧྥ་རི་ཀ་ནི་ནང་ཆོས་ལ་འཇུག་མཁན་འབུམ་གཉིས་དང་ཕྱེད་ཀ་ཙམ་ལས་མེད་པས་གྲངས་འབོར་གྱི་ཆ་ནས་ནང་པ་ཉུང་ཤོས་ཀྱི་གླིང་ཕྲན་དེ་ཆགས་ཡོད་ཀྱང་། ལོ་ངོ་བཅུ་གྲངས་ཀྱི་རིང་ལ་ཨཧྥ་རི་ཀའི་གླིང་ཕྲན་གྱི་དཀྱིལ་དབུས་ཡུལ་ལུང་ཀོང་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ནང་ནང་ཆོས་ལ་དོ་སྣང་ཞིག་གསར་དུ་བརྙེས་ཡོད་པ་རེད།  དེ་རིང་གི་ཆེད་སྒྲིག་ལེ་ཚན་ནང་ས་གནས་དེའི་ཡུལ་མི་ཡིན་པ་ཆུང་བྱིས་པའི་དུས་སུ་ཡི་ཤུའི་ཆོས་སྤེལ་རྒྱུའི་དམིགས་ཡུལ་བཟུང་མཁན་ད་ཆ་ནང་ཆོས་དར་ཁྱབ་ཐོག་ལ་ཤུགས་རྒྱག་བཞིན་ཡོད་པ་(ཧྥརེཎ་སིས་ཀབ་ཝེ་) Francis Kabwe ཡི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་གནས་ཚུལ་འདི་སྐོར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་གནང་།།

tashi-wangchuk-75གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན། (0)
Share
དྲ་གནས་ཆ་ཚང༌།