ཁེ་ན་ཌའི་གཙུག་ལག་སློབ་གྲྭ་ཞིག་གི་ནང་བོད་སྐད་སློབ་འཁྲིད་དང་གོམས་སྲོལ་དང་འབྲེལ་བའི་ཤུགས་རྐྱེན་ཐེབས་བཞིན་པ།


2019.10.16
 ཁེ་ན་ཌའི་གཙུག་ལག་སློབ་གྲྭ་ཞིག་གི་ནང་བོད་སྐད་སློབ་འཁྲིད་དང་གོམས་སྲོལ་དང་འབྲེལ་བའི་ཤུགས་རྐྱེན་ཐེབས་བཞིན་པ། ཨར་བིང་ ཀེ་ འབཱར་འབར་དཔེ་མཛོད(Irving K. Barber Library) སྦིར་ཊིཤ་ ཀོ་ལམ་བིཡཱ་ (British Columbia)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་།
བི་ཀི་པི་ཌི་ཡ།

༄༅།།ཤེས་ཡོན་སློབ་གསོའི་ལས་རིམ་ནང་།  ཁེ་ན་ཌའི་ཝེཎ་ཁུ་ཝར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ British Columbia གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་པ་ཙམ་མ་ཟད།   ས་གནས་བོད་མིའི་སྤྱི་ཚོགས་ཀྱི་རིག་གཞུང་དང་འབྲེལ་བའི་སྤྱི་ཚོགས་ཀྱི་བྱེད་སྒོར་དངོས་སུ་ཞུགས་བཅུག་སྟེ།  ས་གནས་ཀྱི་ཕྱི་རྒྱལ་སློབ་ཕྲུག་མང་པོར་བོད་ཀྱི་བཟང་པོའི་གོམས་སྲོལ་དང་འབྲེལ་བའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་འབྲེལ་ཡོད་དགེ་རྒན་རྣམ་པས་འགྲེལ་བརྗོད་གནང་ཡོད་པ་རེད།  འདིའི་སྐོར་བཀྲིས་དབང་ཕྱུག་ལགས་ཀྱིས་འབྲེལ་ཡོད་ཁག་ལ་བཀའ་དྲི་ཞུས་ཏེ་དམིགས་བསལ་ཆེད་སྒྲིག་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎