ཨ་རིའི་རྒྱལ་སྲུང་དྲུང་ཆེ་མཆོག་གིས་རྒྱ་ནག་ལ་ཉེན་བརྡ།

2014-04-07
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སྲུང་དྲུང་ཆེ་Chuck Hagelམཆོག་རྒྱ་ནག་གི་ཆིན་ཏོ་གནམ་ཐང་ལ་འབྱོར་སྐབས། ༢༠༡༤།༤།༧
ཨ་རིའི་རྒྱལ་སྲུང་དྲུང་ཆེ་Chuck Hagelམཆོག་རྒྱ་ནག་གི་ཆིན་ཏོ་གནམ་ཐང་ལ་འབྱོར་སྐབས། ༢༠༡༤།༤།༧
པར། AFP

ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ཡིས་ཉི་ཧོང་ལ་སྲུང་སྐྱོབ་དང་མཉམ་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་འདུག
དེ་ཡང་འདི་ཚེས་༦ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ལ་ཡུལ་དེའི་རྒྱལ་སྲུང་བློན་ཆེན་Itsunori Onoderaདང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྣམ་གཉིས་མཇལ་འཕྲད་གྲོས་མོལ་གནང་བའི་རྗེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཨ་རིའི་རྒྱལ་སྲུང་དྲུང་ཆེ་Chuck Hagelགྱིས་གཏམ་བཤད་གནང་བའི་ནང༌། ཉི་ཧོང་ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཡིན་པར་བརྟེན། ཉི་ཧོང་ལ་ཕྱི་ཕྱོགས་ཀྱི་དྲག་རྒོལ་ཉེན་ཁ་ཡོང་གཞི་འགོག་སྲུང་ཐུབ་པའི་ཆེད་ཨ་རིའི་མེ་ཤུགས་འཕུར་མདེལ་འགོག་སྲུང་ཐུབ་པའི་གྲུ་གཟིངས་ལྔ་དེ་སྔ་ནས་ཉི་ཧོང་ནང་ཡོད་མུས་ཡིན་པའི་ཐོག ད་དུང་དེ་འདྲ་བའི་གྲུ་གཟིངས་གཉིས་ཁ་སྣོན་འགྲེམ་གཏོང་བྱ་རྒྱུ་ཡིན་ཞེས་དང༌། རྒྱ་ནག་དང་ཡུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་དབར་ཐུག་བཞིན་པའི་མཚོ་གླིང་བདག་དབང་གི་རྩོད་རྙོག་གི་ཐད། རྒྱ་ནག་གཞུང་གིས་ཕྱོགས་གཅིག་གི་བྱ་ཐབས་ཀྱི་རིགས་ལག་བསྟར་བྱས་པ་ཡིན་ན་འགྲིག་ཐབས་མེད་སྐོར་ ཨ་རིའི་རྒྱལ་སྲུང་དྲུང་ཆེ་ Chuck Hagel གྱིས་གསུང་འདུག  
ད་དུང་ཉི་ཧོང་ཐོག་ཕྱིའི་དྲག་འཐབ་ཀྱི་ཉེན་ཁ་ཡོང་གཞི་ལས་སྲུང་སྐྱོབ་བྱ་རྒྱུའི་ཆེད་ཡུལ་དེར་ཨ་རི་གཞུང་གིས་མེ་ཤུགས་འཕུར་མདེལ་འགོག་སྲུང་ཐུབ་པའི་མཚོ་དམག་གྲུ་གཟིངས་གཉིས་ཁ་སྣོན་འགྲེམ་གཏོང་གནང་རྒྱུ་ཡིན་པ་དང༌། ཡང་དེང་སྐབས་རྒྱ་ནག་དང་ཡུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་དབར་ཐུག་བཞིན་པའི་མཚོ་གླིང་བདག་དབང་གི་རྩོད་རྙོག་གི་ཐད། རྒྱ་ནག་གཞུང་གིས་ཕྱོགས་གཅིག་གི་བྱ་ཐབས་ཀྱི་རིགས་ལག་བསྟར་བྱས་པ་ཡིན་ན་འགྲིག་ཐབས་མེད་སྐོར་ ཨ་རིའི་རྒྱལ་སྲུང་དྲུང་ཆེ་ Chuck Hagel གྱིས་གསུང་འདུག  
ཡང་ཉེ་ལམ་ར་ཤེ་ཡས་ཡུ་རོབ་ཤར་མའི་ཡུལ་གྲུ་ཡུ་ཀེ་རེན་གྱི་ལྷོ་ཤར་ Crimea ས་ཁུལ་བཙན་བཟུང་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་ཞིག་ཡིན་པ་མ་ཟད། གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་མ་ཞུས་པ་ཞིག་དང༌། ཆེ་བས་ཆུང་བར་ཐུབ་ཚོད་བཏང་བ་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་ཕྱོགས་ནས་ཀྱང༌ར་ཤེ་ཡས་བྱས་པ་ནང་བཞིན། རྒྱལ་སྤྱིའི་ཁྲིམས་ལུགས་དང་མ་མཐུན་པར། བཙན་པོ་དབང་ཤེད་དང༌། སྡིག་སྐུལ་སོགས་ཀྱི་ཐོག་ནས་གང་བྱུང་ས་མཚམས་གསར་པ་བཟོས་པ་དང༌། རྒྱལ་ཁབ་གཞན་གྱི་ས་ཆ་འཕྲོག་པ་སོགས་བྱས་ན་འགྲིག་ཐབས་མེད། ། བཙན་ཤེད་དང་སྡིག་སྐུལ་བྱེད་པ་ནི་ཉེན་ཚབས་ཅན་ཞིག་ཡིན་པས་འཐབ་འཁྲུག་མ་གཏོགས་ཡོང་རྒྱུ་མེད། དེ་འདྲ་ཡིན་ཙང་། རྒྱ་ནག་ལྟབུའི་སྟོབས་ཆེན་རྒྱལ་ཁབ་ཅིག་གིས་འགན་ཡང་ཆེན་པོ་འཁྱེར་དགོས་ཀྱི་རེད་ཅེས་གསུང་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན། (0)
Share
དྲ་གནས་ཆ་ཚང༌།