གསར་འགོད་པའི་སྒྲིག་གསོལ།

གསར་འགོད་པའི་སྒྲིག་སྲོལ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་ཡུལ་ནི་གསར་འགོད་པ་རྣམས་ནས་གསར་འགོད་པའི་སྒྲིག་གསྲོལ་གྱི་གནས་ཚད་མཐོ་ཤོས་དེ་ལག་བསྟར་བྱེད་རྒྱུ་དེ་ཡིན། ང་ཚོའི་རླུང་འཕྲིན་དང་གནས་འཕྲིན་དྲ་བའི་གནས་ཚུལ་རྣམས་དྲང་བདེན་དང༌། ཕྱོགས་ཞེན་མེད་པ་དགོས།

 

དགོངས་ཚུལ་འདྲ་མིན།

གསར་འགྱུར་མཁོ་སྒྲུབ་བྱེད་སྐབས་གསར་འགོད་པ་རྣམས་ཞི་འཇམ་དགོས་པ་དང་། མི་སྒེར་རམ། ཚོགས་པའམ། གཞུང་ཞིག་གི་དྲིལ་བསྒྲགས་དང༌། འཁྱོག་བཤད། རྫུན་གཏམ་སོགས་ལས་གཡོལ་དགོས། ང་ཚོས་གསན་མཁན་རྣམས་ལ་ལམ་སྟོན་སོགས་ཀྱི་གཏམ་བཤད་མི་སྤེལ་རྒྱུ།

ང་ཚོས་གསན་མཁན་རྣམས་ལ་དྲག་སྤྱོད་དམ། གྱེན་ལངས་སམ། ཡུལ་གཞན་དུ་བྲོས་བྱོལ་འགྲོ་རྒྱུ་སོགས་ཀྱི་ངན་སྐུལ་མི་བྱེད་རྒྱུ། ང་ཚོས་གསན་མཁན་རྣམས་ལ་དགོངས་ཚུལ་སྤེལ་སའི་གླེང་སྟེགས་བསྐྲུན་རྒྱུ།

 

ང་ཚོའི་རླུང་འཕྲིན་དང་གནས་འཕྲིན་དྲ་བའི་གསར་འགོད་པ་ཚོས་གསར་འགྱུར་སྤེལ་སྐབས་གནས་ཚུལ་རྣམས་རྫུན་གཏམ་མམ། ཁུངས་ལྡན་མིན་པའི་གནས་ཚུལ་མི་སྤེལ་རྒྱུ། བྱུང་ན་གནས་ཚུལ་གཅིག་ལ་ཁུངས་གཅིག་ལས་མང་བ་འཚོལ་ཐབས་བྱ་རྒྱུ།

ང་ཚོས་ཆབ་སྲིད་ཚོགས་པ་དང༌། ཕྱོགས་འགལ་ཚོགས་པའམ། བཙན་བྱོལ་ཚོགས་པའམ། ཆོས་ཚོགས་སོགས་ལ་འབྲེལ་བ་མི་གཞག་ཅིང༌། གསར་འགོད་པ་སྒེར་གྱི་ལྟ་ཕྱོགས་མི་སྤེལ་རྒྱུ།

 

ང་ཚོའི་ལས་བྱེད་ཀྱིས་མཁོ་སྒྲུབ་མ་བྱས་པའི་ཕྱི་ཕྱོགས་ཀྱི་གནས་ཚུལ་སྤེལ་སྐབས་དགོངས་ཚུལ་གང་ཡིན་པ་དེ་ང་ཚོའི་ལྟ་བ་ཡིན་པས་མ་ཁྱབ་པའི་གསལ་བཤད་ཞུ་དགོས།

 

འབྱུང་ཁུངས་གསལ་བསྒྲགས།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་པ་རྣམས་ནས་གསར་འགྱུར་ལས་ཁང་གཞན་གྱི་འགྲོ་གྲོན་བཏང་བའི་རྔན་པའམ། རིན་མེད་གུང་སེང་སོགས་ལེན་མི་ཆོག

གསར་འགྱུར་ལས་ཁང་གཞན་གྱི་གནས་ཚུལ་བེད་སྤྱད་སྐབས་གནས་ཚུལ་འབྱུང་ཁུངས་གསལ་བཤད་བྱེད་དགོས།

གལ་ཏེ་གནས་ཚུལ་ལ་ནོར་འཁྲུལ་ཤོར་ཚེ་ཕྲལ་དུ་ནོར་བཅོས་ཀྱི་གསལ་བསྒྲགས་ཞུ་དགོས།

འདི་ག་རླུང་འཕྲིན་ཁང་གི་ལས་འགན་ལ་གནོད་སྐྱོན་ཡོང་བའི་ཕྱི་ཕྱོགས་ཀྱི་ལས་ཀ་བྱེད་མི་ཆོག

རླུང་འཕྲིན་ཁང་དང་འབྲེལ་བའི་གསུང་བཤད་སོགས་སྤེལ་དགོས་ཚེ་བཀའ་འཁྲོལ་ཞུ་དགོས།

 

འཕྲལ་སེལ་ལས་བྱེད་པ་རྣམས་ནས་གོང་གི་ཁྲིམས་སྲོལ་བསྲུང་དགོས་ཤིང་གསར་འགོད་པའི་སྒྲིག་སྲོལ་ཆ་ཚང་བསྲུང་དགོས།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org