རྒྱ་གར་བྱང་ཤར་ཁུལ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་གོམ་བགྲོད།

བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གོམ་བགྲོད་ཀྱི་ལས་འགུལ་སྤེལ།
2012-11-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གདུང་སེམས་མཉམ་བསྐྱེད་ཀྱི་གོམ་བགྲོད།
རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག
པ་སངས་ཚེ་རིང༌།

༄༅༎རྒྱ་གར་བྱང་ཤར་ཁུལ་དུ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང༌།ལྷག་དོན་དུ་བོད་ནང་བོད་མི་ཚོས་བོད་བསྟན་སྲིད་དང་།མི་རིགས་རང་དབང་ཆེད་གཅིག་རྗེས་གཉིས་མཐུད་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པ་རྣམས་དང་།རྒྱ་ནག་གཞུང་གི་དྲག་གནོན་འོག་གནས་བཞིན་པའི་བོད་མི་རྣམས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པ་སངས་ཚེ་རིང་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎