བོད་དོན་ཞུ་གཏུགས་ཀྱི་ཉིན་མོ།
2010.03.01
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།
༄༅༎ཐེངས་འདིའི་མི་རབས་གསར་པའི་ལེ་ཚན་གྱི་ནང་དུ་ཕྱི་ཟླ་གསུམ་པའི་ཚེས་གཅིག་དང་གཉིས་ཉིན་གཉིས་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌དང༌།བྱང་ཨ་མེ་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པ།དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཨ་མེ་རི་ཀའི་མངའ་སྡེ་འདྲ་མིན་ནང་བཅའ་བཞུགས་ཨ་མེ་རི་ཀའི་མི་སེར་ཡིན་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་སོ་སོའི་གྲོས་ཚོགས་གོང་འོག་གི་འཐུས་མིའི་ཚོའི་ལས་ཁུངས་སུ་བཅར་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་རེ་སྐུལ་ཞུ་བར་བཅར་ཡོད་པའི་སྐོར་དོན་གྲུབ་རྣམ་རྒྱལ་ལགས་ནས་ལས་འགུལ་སྣེ་གཟིགས་གནང་མཁན་བསྟན་ཆོས་རྒྱ་མཚོགས་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎