ཁྲེང་ཀོང་ཁྲེང་གི་ཆབ་སྲིད་སྐྱབས་བཅོལ་གྱི་གནད་དོན་སྐོར།

རྒྱ་ནག་གི་ཁྲིམས་རྩོད་དོན་གཉེར་བ་ལོང་བ་ཁྲེན་ཀོང་ཁྲེང་གི་གནད་དོན་ཐོག་ཨ་རི་དང་རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ།

༄༅༎རྒྱ་ནག་གི་ཁྲིམས་རྩོད་དོན་གཉེར་བ་ལོང་བ་ཁྲེན་ཀོང་ཁྲེང་གི་ཆབ་སྲིད་སྐྱབས་བཅོལ་གྱི་གནད་དོན་ཐོག་ཨ་མི་རི་ཀ་དང་རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་གནང་བཞིན་པ་ཡིན་པའི་སྐོར་འབྲེལ་ཡོད་ཚོགས་པ་ཞིག་གིས་གསུངས་པའི་གནས་ཚུལ་ཐོན་འདུག་། ཨ་མི་རི་ཀའི་ཀྲེཀ་སེསི་མངའ་སྡེའི་ནང་དུ་ཡོད་པའི་ རྒྱ་ནག་གི་ཐོབ་ཐང་དོན་གཉེར་ཚོགས་པའི་མགྲིན་ཚབ་སྦོབ་ཕུའུ་ཡིས་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་གནང་དོན་ལྟར་ན་ ཉེ་སྔོན་རྒྱ་ནག་གི་བཟང་བཙོན་དམ་བསྒྲཌ་ནས་བྲོས་བྱོལ་དུ་ཐར་བའི་ ཁྲིམས་རྩོད་དོན་གཉེར་བ་ ཁྲེན་ཀོང་ཁྲེང་ དེ་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་སྲུང་སྐྱོབ་འོག་ཏུ་ཡོད་པ་དང་ ཁོང་གི་ཆབ་སྲིད་སྐྱབས་བཅོལ་གྱི་གནད་དོན་སྐོར་ཨ་མི་རི་ཀ་དང་ རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་གནང་བཞིན་པ་ཡིན་པ་དང་ ཁོང་གི་གནད་དོན་དེ་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་་ ལྩམ་ཧི་ལ་རི་ཁེལ་ཌོན་ མཆོག་པེ་ཅིང་དུ་མ་འབྱོར་སྔོན་དུ་ གྲོས་མཐུན་བྱུང་ནས་ ཁོང་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཐོབ་སྲིད་པའི་སྐོར་འགྲེལ་བརྗོད་གནང་འདུག་། འོན་ཀྱང་རྒྱ་ནག་གི་རང་དབང་དོན་གཉེར་བ་ཧུའུ་ཅ་གྱིས་ ཁྲེན་ཀོང་ཁྲེང་གིས་ ཨ་མི་རི་ཀའི་གཞུང་ཚབ་ཆེན་པོ་གེ་རི་ལོཀ་དང་མཇལ་འཕྲད་གནང་ཡོད་པ་དང་ མཇལ་འཕྲད་སྐབས་ནང་དོན་ཞིབ་ཕྲ་གང་བྱུང་བ་ཤེས་རྟོགས་མེད་ཀྱང་ ཁོང་གིས་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་གི་མེད་པའི་སྐོར་ཧུའུ་ཅ་ གྱིས་བསམ་ཚུལ་བཏོན་ཡོད་པ་རེད་འདུག་། རེས་གཟའ་ཕུར་བུའི་ཉིན་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ ལྕམ་ཧི་ལ་རི་ཀི་ལིན་ཀྲེན་དང་ ནོར་སྲིད་དྲུང་ཆེ་ཀྲི་མ་ཐི་གའེཐི་ནར་རེས་གཟའ་ཕུར་བུའི་ཉིན་ པི་ཅིང་དུ་རྒྱ་ནག་གི་མཉམ་དུ་ལོ་འཁོར་གྲོས་མོལ་གྱི་ཆེད་དུ་ཕེབས་འབྱོར་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།