ལོ་གསར་སྲུང་བརྩི་ཐད་འབོད་སྐུལ།

སྲིད་སྐྱོང་མཆོག་ནས་ལོ་གསར་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོའི་ལམ་ནས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ
2013-01-24
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ལོ་གསར་སྲུང་བརྩི་བྱེད་ཕྱོགས་ཐད་འབོད་སྐུལ།
སྲིད་སྐྱོང་མཆོག་ནས་འདི་ལོའི་ལོ་གསར་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོའི་ལམ་ནས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༤ ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་པའི་ལོ་གསར་སྐབས་སྤྲོ་སྐྱིད་དང་རྒྱས་སྤྲོས་ཀྱི་རྣམ་པའི་ཐོག་ནས་མ་ཡིན་པར་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོའི་ལམ་ནས་སྲུང་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར། རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

མཆན། (1)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།

སྒྲོལ་མ།

ནས། ཤམ་པ་ལ།

ཁྱེད་ཀྱིས་སྐེ་རགས་དམར་པོ་བཅིངས་ནས།
དགའ་སྟོན་སྟོན་མོ་མ་བྱེད་ཟེར་གི
ཁྱེད་ཀྱིས་ལོ་གསར་ཡོད་ལུགས་བཤད་ནས།
མྱ་ངན་གདུང་འབོད་བྱེད་དགོས་ཟེར་གི
ཡིན་ན་ཡང་
གྲུབ་འབྲས་ནི་ཅི་ཡིན།
བྱེད་ཐབས་ནི་ཅི་ཡིན།
ང་ཚོ་ལ་ད་ལོའི་ལོ་གསར་ཡོད་དམ་མེད།
རང་སྲེག་པ་རྣམས་ཀྱིས་ཁ་བ་བོད་ཀྱི་ཡུལ་ལ་ཕན་ཐོགས་ཡོད་མེད་དང་
རང་སྲེག་མུ་མཐུད་ནས་བྱེད་དགོས་མིན་ལ་
མངོན་གསལ་གྱི་ལན་ཞིག་གསུང་དགོས་པ་ལས།
ལོ་གསར་ལ་ཁ་གཡར་ནས་
བོད་ནང་གི་བོད་ཀྱི་དགེ་རྩ་དང་སེམས་ཅན་ལ་
རྩེད་སྤྱད་འདྲ་ཞིག་བྱེད་མི་ཉན།
རྒྱ་སྟག་གི་རི་མོ་རྒྱ་སྒང་ལ་འབུད་དགོས།
ཁ་བཤད་ཀྱི་ཚིག་དོན་ཐོག་ལ་འབེབས་དགོས

Jan 25, 2013 01:12 AM