ཨོ་ལིམ་པིཀ་རྩེད་འགྲན་གྱི་གསར་འགྱུར།

རྒྱ་ནག་གིས་རྩེད་འགྲན་པ་འགའི་སྐྱེ་ལོ་རྫུན་བཟོ་བྱས་ཡོད་པའི་གནད་དོན་ལ་རྟོག་ཞིབ་བྱེད་དགོས་པའི་བཀའ་རྒྱ།

0:00 / 0:00

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཉིས་རེས་གཟའ་པ་སངས་ཀྱི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་བཞིན་པའི་ཨོ་ལིམ་པིཀ་ལུས་རྩལ་འགྲན་ཚོགས་ཀྱི་ནང་རྒྱ་ནག་གི་རྩེད་འགྲན་པ་འགའི་སྐྱེ་ལོ་རྫུན་བཟོ་བྱས་ཡོད་པའི་གནད་དོན་ཐོག་ཞིབ་འཇུག་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་སོགས་ཨོ་ལིམ་པིག་གི་གནས་ཚུལ་སྙིང་བསྡུས་ཤིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་ཏུ་ཆེད་གཏོང་གནང་བའི་དམིགས་བསལ་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་ནས་ངོ་སྤྲོད་གནང་བར་གསན་རོགས་གནང༌༎