རང་བཙན་མ་གཏོཌ་གང་ཡང་གླེང་།

རྒྱ་ནག་གི་སྲིད་འཛིན་འདས་པོ་ཏང་ཤའོ་པིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་གང་གི་ཐོག་གྲོས་མོལ་བྱེད་ཆོག་གསུངས་ཡོད་པ།

0:00 / 0:00

གསར་འགྱུར་ལ་གསན།

༄༅༎ཕྱི་ཟླ་བཅུ་གཅིག་ཚེས་བཅུ་དགུ་རེས་གཟའ་ལྷག་པའི་ཉིན་བཙན་བྱོལ་བོད་གཞུང་མང་གི་དམིགས་བསལ་ཚོགས་གནང་བཞིན་པའི་སྐབས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་འདས་པོ་ཏང་ཤའོ་པིང་གིས་ཁོང་ལ་བོད་རང་བཙན་མ་གཏོགས་དེ་མིན་བོད་ཀྱི་གནད་དོན་གང་ཞིག་གི་ཐོག་གྲོས་མོལ་བྱེད་ཆོག་ཅེས་བཀའ་གནང་ཡོད་པའི་སྐོར་གསུངས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་གནང༌༎